གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་མཐའ་མཚམས་ཤང་དང་གྲོང་རྡལ་ཅིག་རེད། ཉེ་བའི་ལོ་ཤས་རིང་གམ་པ་གྲོང་རྡལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་སྲིད་དམག་ཉེན་དམངས“ཕྱོགས་ལྔ་གཞི་གཅིག”གི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེ་དང་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ལ་མཐུན་སྒྲིལ། སྟོབས་ཤུཌ་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སེམས་ཤུཌ་གཅིག་སྒྲིལ་གྱིས་མཐའ་མཚམས་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད།
རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན“བཀོད་འདོམས་དབྱུག་པ”ཡག་པོ་སྤྱད་པ།
གམ་པ་གྲོང་རྡལ་ཏང་ཨུད་ཀྱིས་སྤྱི་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་ཏང་ཨུད་ཀྱི་ནུས་པ་འདོན་པ་མཐའ་འཁྱོངས་བྱས་ནས་གྲོང་རྡལ་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་མཐའ་སྲུང་པའི་རུ་ཆེན་གྱི་རུ་དཔོན་གྱི་འགན་གཅིག་ལྕོགས་འཁུར་ཏེ་མཐའ་སྲུང་ལས་དོན་པུའུ་བཙུགས་ནས་མཐའ་མཚམས་ཀྱི་གསར་བརྗེའི་བར་ཁྱམས་དང་། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”དམག་མི་དང་ཉེན་རྟོག་པའི་དབར་མཉམ་སྐྲུན་དང་མཐའ་མཚམས་གྲོང་ཚོའི་གསར་བརྗེའི་སློབ་གསོའི་རྟེན་གཞི(མཐའ་སྲུང་ཁང)འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད།
གམ་པ་གྲོང་རྡལ་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་དཔུང་ཁག་ལེགས་འདེམས་ཧྲག་སྒྲུག་བྱས་པ་དང་། མཐའ་སྲུང་བའི་དཔུང་ཁག་སྒྲིག་འཛུགས་ཧུར་ཐག་བྱས་པ་མ་ཟད། གནས་སྐབས་ཏང་ཀྲི་པུའུ་3བཙུགས་པ་དང་ཏང་ཡོན་37འཕེལ་རྒྱས་བཏང་བ། དྲ་མིག་གི་ཏང་རྩ་འཛུགས་10དང་མཉམ་འགོག་མཉམ་བཅོས་ཀྱི་དཔུང་ཁག་བཙུགས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་དང་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་སྒྲིག་འཛུགས་བྱས་ནས། དུས་བདེའི་གམ་པ་གྲོང་རྡལ་འཛུགས་སྐྲུན་བྱ་ཆེད། ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པ་དང་། འཇོན་ཐང་ཆེ་ལ་ཆུ་ཚད་མཐོ་བའི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཅིག་བཙུགས་ཡོད།
དུས་བདེའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་བདེ་འཇགས་ཀྱི“རམ་འདེགས་རོལ་དབྱངས”མཉམ་དུ་དཀྲོལ་བ།
འདི་ལོ་ཚུན་དུ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བརྒྱུད། འགལ་བ་དང་རྩོད་གཞི་གྲལ་བཤེར་བཅོས་སྒྲིག་ནུས་ལྡན་བྱས་པ་དང་། དྲ་དཔོན་སྒྲིག་འཛུགས་ཀྱིས་མཉམ་ལས་ཁང་ལ་གམ་པའི་ལུག་བྲིན་ཚོང་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་རོགས་བྱས་པ། གྲོང་གསེབ་དར་རྒྱས་དང་ཐོན་ལས་དར་རྒྱས་གཏོང་རོགས་བྱས་པས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད།
གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ནས་མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པར་བྱ་ཆེད། གམ་པ་གྲོང་རྡལ་གྱིས་ཁོངས་གཏོགས་ཁུལ་གྱི་ལམ་མདོ་ཁ་གཙོ་བོར་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁ་ཏ་སློབ་སྟོན་ས་ཚིགས་3བཙུགས་པ་དང་། འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་པ་150སྒྲིག་འཛུགས་བྱས་པ། གཅིག་གྱུར་གྱི་གྱོན་ཆས་བཀོད་སྒྲིག་བྱས་པ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁ་ཏ་སློབ་སྟོན་རེས་མོས་ངང་བྱས་པ། གློག་འཁོར་གཏོང་སྐབས་རྨོག་ཞྭ་མི་གྱོན་པ་དང་། འཁོར་གསུམ་གློག་འཁོར་ནང་མི་བླུགས་པ། ཤོང་ཚད་ལས་བརྒལ་བའི་དངོས་ཟོག་བླུགས་པ་སོགས་སྒྲིག་འགལ་གྱི་རླངས་འཁོར་34ལ་ཉེན་བརྡའི་སློབ་གསོ་བཏང་བ་དང་། མི་ཐེངས་460ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁ་ཏ་སློབ་སྟོན་བྱས་ཡོད། ལྷག་པར་དུ་འཁོར་གསུམ་གློག་འཁོར་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་རྡལ་ཡོངས་ཀྱི་འཁོར་གསུམ་གློག་འཁོར་506ལ་གཅིག་གྱུར་དུ་ཨང་རྟགས་སྒྲིག་པ་དང་། “གློག་འཁོར་རེར་ཨང་རྟགས་རེ”བཟོས་པ་རེད། གམ་པ་གྲོང་རྡལ་གྱིས་འདི་ལོ་ཚུན་དུ་འགལ་བ་དང་རྩོད་གཞི་11གྲལ་བཤེར་ཐག་གཅོད་བྱས་པ་དང་། ཨར་ལས་བྱ་ཡུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས་24བྱས་ཡོད། མེ་དང་། སྣུམ། གློག་བཅས་སྤྱོད་མཁན་ལ་གྲལ་བཤེར་ཐེངས་27བྱས་ནས། དུས་བདེ་འཛུགས་གཏོད་ཀྱི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།
ཕྱོགས་ཁག་གིས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མཐུན་སྒྲིལ་ཡར་བརྩོན་གྱི“མཉམ་གཞས”བཏང་བ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཏང་གཤིས་སློབ་གསོའི་རྟེན་གཞི་དང་། གསར་རྙིང་བསྡུར་བའི་འགྲེམས་ཁང་། “བརྒྱད་གཅིག”དམག་སྒར་བཅས་ལ་བརྟེན་ནས། གསར་བརྗེའི་སློབ་གསོ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། རྒྱལ་སྲུང་སློབ་གསོ། ཏང་གཤིས་སྦྱོང་བརྡར་བཅས་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། “རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། མཐའ་མཚམས་སུ་སྐྱོད་པ”བཅས་ཀྱི་རྒྱལ་གཅེས་མཐའ་སྲུང་བྱེད་སྒོ་ཤུགས་ཆེན་སྤེལ་ཏེ་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་སྤེལ་ཆེད་གསར་བརྗེའི་སྒུལ་ཤུགས་བསྣན་ཡོད།
དམངས་ཕན་དངུལ་སྤྲོད་པ་དང་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་གོ་སྐབས་བཟང་པོ་སྤྱད་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་གྲྭར་དྲིལ་བསྒྲགས་བྱེད་པ། སློབ་གྲྭ་དང་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ནས་དམ་འཛིན་བྱེད་པ། ཆུང་བས་ཆེ་བ་ཁྲིད་པ་བཅས་བྱས་ཏེ། མཉམ་དུ་འཆམ་མཐུན་གྱི་གམ་པ་གྲོང་རྡལ་བཏོད་ཡོད། ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱེད་པ་དང་། བདེན་པའི་རྒྱབ་ལངས་བྱེད་མཁན་ལ་བྱ་དགའ་སྤྲོད་པ་དང་གཟེངས་བསྟོད་བྱས་ནས་མང་ཚོགས་གྲོང་གསེབ་དར་རྒྱས་ནང་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཡོད།
དམངས་ལ་བརྩེ་བ་ཟབ་མོ་བཅངས་ནས་དམངས་ཕན་གྱི“ལེའུ་གསར་པ”བརྩམས་པ།
ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་གམ་པ་གྲོང་རྡལ་ཏང་ཨུད་ཀྱིས“གམ་པའི་ལུག”གཙོ་བོར་བྱས་ནས་ཏང་འཛུགས་སྐྱོང་དང་མཉམ་ལས་ཁང་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱས་པས“ལོ་གཉིས་ལ་སྐྱེ་ཐེངས་གསུམ”བྱེད་པའི་ཚོད་ལྟའི་ལས་དོན་ལེགས་གྲུབ་བྱུང་བ་དང་། ཚོང་གཉེར་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་གྱི་མཉམ་ལས་ཁང་4བཙུགས་ཡོད། 2022ལོར་གམ་པའི་ལུག་གི་ཐོན་ལས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་480ཙམ་བཏོད་པ་དང་མང་ཚོགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་7200ལྷག་ཙམ་བྱུང་ཡོད།
མང་ཚོགས་དང་འབྲེལ་བ་དམ་ཟབ་ཀྱིས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་བ་བྱེད་ས་དེ་ཉན་ནས་མང་ཚོགས་ལ“སྲིད་ཇུས་གསལ་འགྲེལ་དང་། དམངས་ཕན་ཞབས་ཞུ། དཀའ་ངལ་རོགས་སྐྱོར། འགལ་ཟླ་འདུམ་འགྲིག”བཅས་གཞི་གཅིག་ཏུ་འདུས་པའི་ཞབས་ཞུའི་ལས་སྟེགས་ཤིག་བཏོད་དེ་རིམ་རྩིས་བྱས་ན་དཔང་རྟགས་སྣ་ཚོགས་1000ལྷག་ཙམ་སྒྲུབ་གཉེར་བྱས་པ་དང་མི་ཐེངས་200ལྷག་ཙམ་གྱི་ངོ་བཅར་བློ་འདྲི་དང་ལེན་བྱས་ཡོད། འགོ་ཁྲིད་ཀྱིས་གྲོང་ཚོ་འགན་གཙང་ལེན་པ་དང་ཏང་ཡོན་གྱིས་དུད་ཚང་འགན་གཙང་ལེན་པའི་ལས་བྱེད་པ་དང་མང་ཚོགས་མཉམ་འདྲེས་རོགས་སྐྱོར་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས“ལག་རྩལ་ཁྱབ་གདལ་གྱིས་ཕྱུག་འགྱུར་ཡོང་རོགས་བྱེད་པ་དང་། རིག་གནས་ཁྱབ་གདལ་གྱིས་འཇོན་ཐང་ཆེ་རུ་གཏོང་བ། སྨན་བཅོས་ཁྱབ་གདལ་གྱིས་བདེ་ཐང་འགན་ལེན་བྱེད་པ”བཅས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། བཅའ་སྡོད་དམག་དཔུང་དང་མཉམ་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ནང་ཞུགས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་114ཐག་གཅོད་ཧུར་ཐག་གིས་སྤུས་དག་དང་། སྟབས་བདེ། ཕན་ཆེ་བཅས་ཀྱི་ཞབས་ཞུར་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)