《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月10日

ལྷ་སར་མེ་ཟོན་ས་ཚིགས་4སྐྲུན་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཚེ་མཆོག་གླིང་མེ་ཟོན་ས་ཚིགས་དང་། སློབ་གསོ་གྲོང་མེ་ཟོན་ས་ཚིགས། ལྷུན་གྲུབ་རྫོང་བྱང་རྒྱུད་མེ་ཟོན་ས་ཚིགས། མལ་གྲོ་གུང་དཀར་རྫོང་བྱང་རྒྱུད་མེ་ཟོན་ས་ཚིགས་བཅས་དུས་གཅིག་ཏུ་སྐྲུན་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚེ་མཆོག་གླིང་མེ་ཟོན་ས་ཚིགས་ལ་ཁྱོན་མ་དངུལ་སྒོར་ཁྲི་1664.39བཏང་བ་དང་། སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་5064ཟིན་པ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3894.96ཟིན་པ། སློབ་གསོ་གྲོང་གི་མེ་ཟོན་ས་ཚིགས་ལ་ཁྱོན་མ་དངུལ་སྒོར་ཁྲི་2120.74བཏང་བ་དང་། སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་5462ཟིན་པ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་4821.41ཟིན་པ། ལྷུན་གྲུབ་རྫོང་བྱང་རྒྱུད་མེ་ཟོན་ས་ཚིགས་ལ་ཁྱོན་མ་དངུལ་སྒོར་ཁྲི་981.25བཏང་བ་དང་། སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་2668.54ཟིན་པ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་1576.37ཟིན་པ། མལ་གྲོ་གུང་དཀར་རྫོང་བྱང་རྒྱུད་མེ་ཟོན་ས་ཚིགས་ལ་ཁྱོན་མ་དངུལ་སྒོར་ཁྲི་1986.15བཏང་བ་དང་། སྤྱིའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་7959.84ཟིན་པ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་3041.46ཟིན་ཡོད་པ་རེད།

མེ་ཟོན་ས་ཚིགས་བསྐྲུན་རྗེས་གྲོང་ཁྱེར་གྱི་མེ་ཟོན་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་སོང་ནས། ཉེ་འཁོར་གྱི་གྲོང་མི་དང་། ཁེ་ལས། རིག་དངོས་དང་གནའ་བོའི་སྐྲུན་དངོས་བཅས་ལ་དེ་བས་བློས་འགེལ་ཆོག་པའི་མེ་ཟོན་བདེ་འཇགས་འགན་ལེན་ཐུབ་པ་དང་། མེ་ཟོན་རོགས་སྐྱོབ་དང་ལེན་བྱེད་པའི་དུས་ཚོད་ཐུང་དུ་གཏོང་བ། མེ་སྐྱོན་གྱི་གྱོང་གུན་ཆུང་དུ་གཏོང་བ་བཅས་ཐུབ་སྟེ། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་རོགས་སྐྱོབ་ནུས་པ་ཆེ་རུ་འགྲོ་རྒྱུ་རེད།