《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月09日

རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟག་རྩེ་ཆུས་བཅས་རིམ་གསུམ་རྩ་འཛུགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་7ཉིན་གནས་ཚུལ་འབྱོར་གསལ། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་སྐབས་སུ། ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་སྟག་རྩེ་ཆུས་ཨུད་རྩ་འཛུགས་པུའུ་དང་མཉམ་འབྲེལ་ཐོག་འོས་འགན་ཤིང་འཛུགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ། དེ་བཞིན་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ200ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་ཞིབ་ཕྲའི་ལག་ལེན་ཞིག་རེད། རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་ངོས་ནས་འགོ་འཛུགས་པ་དང་འཕྲལ་མར་འགོ་འཛུགས་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་ཆེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་ནས། བོད་ཀྱི་ས་གཞི་ཆེན་པོར་རི་བོ་རྟག་ཏུ་སྔོ་ལྗང་དང་། ཆུ་བོ་རྟག་ཏུ་དྭངས་གཙང་། མཁའ་རླུང་རྟག་ཏུ་སོས་པ་བཅས་ཡོང་བར་བྱེད་པ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།

(ཚངས་འཁོར་གྱིས་བསྒྱུར)