2023ལོར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་རྩིས་ཞུས་མི་ཁྲི་1156ལ་ཕན་པ་ཐོབ་པ།
མི་རེའི་ཆ་སྙོམས་བྱས་ན་ཁུར་པོ་སྒོར་7924ཡང་དུ་ཕྱིན་པ།
མིག་སྔར། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ནད་ཆེན་འགན་བཅོལ་གྱི་དངུལ་ཐོག་མར་འཇལ་བའི་ཚད་གཞི།
རྩ་དོན་ཐོག་གཅིག་གྱུར་འཆར་འགོད་ས་ཁུལ་གྱི་གྲོང་མིའི་ལོ་འཁོར་གོང་མའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་50%ལས་མཐོ་མི་རུང་བ་དང་། གཏོང་སྤྲོད་བསྡུར་ཚད་60%ལས་དམའ་མི་རུང་བ།
གྲོང་མིའི་སྨན་བཅོས་འགན་བཅོལ་ཐོག་ནད་ཆེན་འགན་བཅོལ་བསྡོམས་པའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས།
རྩ་དོན་ཐོག་ས་གནས་དེ་གའི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་6ཡས་མས་ཟིན་པ།
མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབུལ་ལོག་དང་དབུལ་པོ་ཆགས་པའི་མི་འབོར།
ནད་ཆེན་འགན་བཅོལ་གྱི་དངུལ་ཐོག་མར་འཇལ་བའི་ཚད་གཞི་50%དམའ་རུ་བཏང་བ་དང་། གཏོང་སྤྲོད་བསྡུར་ཚད་བརྒྱ་ཆའི་གྲངས་5མཐོ་རུ་བཏང་བ། གཏོང་སྤྲོད་བཅད་གྲངས་མཐོ་ཤོས་མེད་པར་བཟོས་པ།