《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月08日

པར་རིས་གསར་འགྱུར།

ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་རིང་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་དེ་གའི་མཛེས་ལྗོངས་མྱོང་རོལ་བྱེད་པ་ཡོང་གི་ཡོད། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གིས་སྔ་སྣུར་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། འཛམ་གླིང་གི་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་དང་ཀ་ལ་གྲོང་ཚོར་མེ་ཟོན་ལས་སྒྲུབ་ལས་དོན་སྤེལ་ནས་ཡུལ་སྐོར་བར་ཞབས་འདེགས་ཞུ་བ་དང་ཆབས་ཅིག་མེ་ཟོན་བདེ་འཇགས་འགན་ལེན་ཡང་བྱས་པ་རེད། འདི་ནི་རུ་འབྲིང་དེས་འཛམ་གླིང་གི་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་ཞབས་འདེགས་ཞུ་བཞིན་པ།