འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིའི་མཐའ་སྲུང་དྲན་གསོའི་རྟགས་མ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ཉིང་ལག་རུ་ཁག་གི་མཐའ་སྲུང་མི་དམངས་ཉེན་རྟོག་པ་112ལ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིའི་མཐའ་སྲུང་དྲན་གསོའི་རྟགས་མ་ཐོབ་པ་རེད།
ད་ཐེངས་ཀྱི་མཐའ་སྲུང་དྲན་གསོའི་རྟགས་མ་སྤྲོད་པའི་མཛད་སྒོ་འཚོགས་པ་བརྒྱུད། མཐའ་སྲུང་མི་དམངས་ཉེན་རྟོག་པའི་འཐབ་སེམས་འཕེལ་བ་མ་ཟད། མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་མཚམས་སུ་བྱས་རྗེས་འཇོག་པའི་མཐའ་སྲུང་མི་དམངས་ཉེན་རྟོག་པའི་དད་སེམས་ཀྱང་བརྟན་དུ་ཕྱིན་ཡོད། རྒྱ་ཆེའི་མི་དམངས་ཉེན་རྟོག་པས་མཐའ་སྲུང་དྲན་གསོའི་རྟགས་མ་ཐོབ་མཁན་གྱི་བློ་མཐུན་མིག་དཔེར་བཟུང་ནས་དེ་བས་དཔའ་ངར་ཆེར་སྐྱེད་དང་། དེ་བས་སྤྲོ་སེམས་འཕེལ་བ། དེ་བས་བློ་བརྟན་འགྱུར་མེད་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས། མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་མཚམས་སུ་བྱས་རྗེས་བཞག་སྟེ་འབད་འབུངས་མདུན་སྐྱོད་དང་མུ་མཐུད་འབད་འཐབ་བྱས་ནས་གནས་སྤོས་ཡུལ་མི་དོ་དམ་ལས་དོན་དེང་རབས་ཅན་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།