《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月07日

འདི་ལོ་རང་ལྗོངས་ཀྱིས་གཞུང་ལམ་འགྲིམ་འགྲུལ་གྱི་རྣམ་གྲངས་ཁག་417ལག་བསྟར་བྱ་རྩིས་ཡོད་པ།

“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གི་རྣམ་གྲངས་ཚང་མ་ འདི་ལོ་ལས་འགོ་འཛུགས་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། 2024ལོར་ལྗོངས་ཡོངས་སུ་གཞུང་ལམ་འགྲིམ་འགྲུལ་གྱི་རྣམ་གྲངས་ཁག་417ལག་ལེན་བསྟར་རྩིས་ཡོད་པ་རེད། ལས་འགོ་བསྐྱར་ཚུགས་ཀྱི་འཆར་གཞི་གཞིར་བཟུང་། ཟླ་གསུམ་པའི་ཟླ་དཀྱིལ་བར་ཁྱོན་རྣམ་གྲངས་ཁག་110ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་དུ་ཚུགས་པ་དང་དུས་ཚིགས་གཉིས་པར་མཐུད་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་དུ་ཚུགས་པ་དང་ལས་གྲྭ་འཛུགས་སྐྲུན་གྱི་འགོ་ཡག་པོ་ཚུགས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་གཞུང་ལམ་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་G4218ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་ལམ་དུམ་སོགས་སྐྲུན་བཞིན་པའི་གཙོ་གནད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་དང་G109གོར་མོ་ནས་ནག་ཆུ་བར་གྱི་ལམ་དུམ་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་སོགས་གསར་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་རྒྱུ་དང་། སྲིད་འཛིན་གྲོང་ཚོ་281ལ་གཞུང་ལམ་ཤར་བགྲོད་ཐུབ་པའི་རྣམ་གྲངས་ལག་ལེན་བསྟར་བར་སྐུལ་འདེད་བཏང་སྟེ། སྲིད་འཛིན་གྲོང་ཚོ་175ལ་ཨར་འདམ་ལམ་ཤར་བགྲོད་ཐུབ་པའི་བརྩོན་ལེན་བྱེད་པ།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་གི་རྣམ་གྲངས་ཚང་མ་ལོ་འདིའི་ནང་ལས་འགོ་འཛུགས་རྒྱུ་དང་དུས་འབྲིང་གི་འཆར་འགོད་ལེགས་སྒྲིག་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པའི་ཆ་རྐྱེན་ཚང་བའི་བརྩོན་ལེན་བྱས་ནས་G318ལམ་ཐིག་གི་དགེ་ཡོད་ནས་ཝ་དག་ལམ་དུམ་སོགས་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ཀྱི་གཙོ་གནད་རྣམ་གྲངས་གལ་ཆེན་ལོ་འདིའི་ནང་སྔ་ཙམ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་དགུན་ཁ་ནས་འདི་ལོའི་དཔྱིད་ཀ་བར་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་20ཡི་ནང་རྣམ་གྲངས་2ལེགས་གྲུབ་ཟིན་པ་དང་མིག་སྔར་ཞིབ་བཤེར་ཚད་ལེན་བྱེད་བཞིན་ཡོད་པ་དང་། རྣམ་གྲངས་3དགུན་དུས་ལས་མཚམས་མ་བཞག་པར་ཨར་སྐྲུན་བྱེད་པ། རྣམ་གྲངས་13འཆར་གཞི་ལྟར་ལས་འགོ་བསྐྱར་ཚུགས་བྱུང་བ། དེ་མིན་གྱི་རྣམ་གྲངས་གཉིས་ཉེ་དུས་གནམ་གཤིས་དྲོ་རུ་ཕྱིན་རྗེས་བསྐྱར་དུ་ལས་འགོ་འཛུགས་རྒྱུ་ཡིན་པ་རེད།

གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་དམིགས་ནས་རྣམ་གྲངས་ལྟེ་གནས་ཀྱིས་བཀོད་འདོམས་པུའུ་དང་འཛུགས་སྐྲུན་ཚན་པ་ཁག་གིས་ངེས་པར་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་ཐོན་བསྐྱར་ཚུགས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། ཚན་རིག་དང་མཐུན་པའི་ངང་ལས་ཀའི་ཇུས་གཞི་བཟོ་བ་དང་། ལས་ཐོན་བསྐྱར་ཚུགས་ཀྱི“ལས་ཚུགས་སློབ་ཚན་དང་པོ”གང་མགྱོགས་འཚོག་པ་དང་ལས་བྱེད་ལས་བཟོས་བསམ་བློ་གཅིག་གྱུར་དང་། སེམས་ནུས་ལས་ཀའི་ནང་འཇོག་པ། སྙིང་སྟོབས་ཆེར་སྐྱེད་བཅས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ཁག་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

(བསོད་བདེ་གཞོན་པས་བསྒྱུར། རིག་རྡོར་གྱིས་ཞུས)