འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གིས་རིན་མེད་བསླབ་གཞི་སྤྲོད་པའི་མཛད་སྒོ་འཚོགས་ཏེ། བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གི་ལས་དོན་པས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་རྫོང་དང་ཆུས་74ལ《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རགས་བཤད》ཅེས་པའི་རིན་མེད་བསླབ་གཞི་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རགས་བཤད》ཅེས་པའི་བསླབ་གཞི་དེ་ཚུགས་གནས་མཐོ་བ་དང་། གཙོ་རྐང་འབུར་དུ་ཐོན་པ། ཁྱད་ཆོས་མངོན་གསལ་དོད་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ཡག་པོ་སྤེལ་བར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། བསླབ་གཞི་དེ་2024ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་མི་རིགས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་གསལ་འགྲེལ་བྱེད་པར་ཆབ་སྲིད་ཀྱི་རང་བཞིན་དང་སློབ་གསོའི་རང་བཞིན་ལྡན་ཡོད།