2024ལོར་རང་ལྗོངས་སུ་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་345.58བྱེད་རྩིས་ཡོད་པ་རེད། ད་ལོའི་ཞིང་ལས་ཐོན་སྐྱེད་ཀྱི་དམག་འཐབ་དང་པོ་ཡག་པོ་རྒྱག་ཆེད། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ནུབ་མཁར་སྡེ་ཁུལ་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ས་བོན་གྲབས་གསོག་ལ་དམ་འཛིན་ཡག་པོ་བྱས་ནས་དཔྱིད་འདེབས་ཀྱི་དགོས་མཁོ་བསྐངས་ཏེ། ཞིང་ལས་ལ་ཐོན་འཕར་དང་ཞིང་པར་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འཕར་དང་ཞིང་ལས་ཐོན་འཕར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
འདི་ནི་ཟངས་རི་རྫོང་ཟངས་རི་གྲོང་རྡལ་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣས་ནུབ་མཁར་སྡེ་ཁུལ་གྱི་གྲོང་མིའི་ཁྱིམ་དུ་སོན་བཟང་ལ་ལྟ་ཞིབ་བྱེད་བཞིན་པ།