བོད་ལྗོངས། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོའི་ཡུལ་ལུང་གང་སར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་མཛེས་ལྗོངས་ལྟ་ན་སྡུག་པའི་ལྷ་ཡུལ་དུ་སླེབས་པ་ལྟར་སྣང་། དཔྱིད་མགོའི་དུས་སུ་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་གྲགས་པའི་ཉིང་ཁྲིས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་འཕྲོག་ཡོད།
ཀྲེ་ཅང་། འདི་ནི་ཀྲེ་ཅང་ཞིང་ཆེན་དབུན་ལིང་གྲོང་ཁྱེར་གྲོང་ཤར་ཁྲོམ་གཞུང་ཨུ་ལུང་ཨའོ་གྲོང་ཚོར་ཡུལ་སྐོར་བས་ལིའི་མེ་ཏོག་ལ་ལྟ་བཞིན་པ།
ཡུན་ནན། འདི་ནི་ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱི་རིགས་རང་སྐྱོང་ཀྲོའུ་མོང་ཙི་གྲོང་ཁྱེར་མིང་ཅིའུ་གྲོང་རྡལ་ཕོ་ཀྲེ་གྲོང་ཚོར་ཡུལ་སྐོར་བས་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
ཧུའུ་ནན། འདི་ནི་ཡིང་ཧྭ་མེ་ཏོག་རབ་ཏུ་བཞད་པའི་ཧུའུ་ནན་ཞིང་ཆེན་ལོའུ་ཏི་གྲོང་ཁྱེར་གྱི་ལུས་རྩལ་སྤྱི་གླིང་དུ་གྲོགས་པོ་ཆུང་ཆུང་ཚོས་བྱ་འཕིར་གློད་བཞིན་པ།
སི་ཁྲོན། འདི་ནི་ཡུལ་སྐོར་བས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཕེང་ཀྲོའུ་གྲོང་ཁྱེར་ཀོ་ཤན་ཧྲན་གྲོང་རྡལ་ཤིས་ཡུས་གྲོང་ཚོར་ཡུལ་སྐོར་བྱེད་བཞིན་པ།
ཅང་སུའུ། འདི་ནི་ཡུལ་སྐོར་བས་ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་ལི་ཤ་ཧོ་རྒྱལ་ཁབ་འདམ་ར་སྤྱི་གླིང་དུ་ཤིང་གྲུར་བསྡད་ནས་མཛེས་ལྗོངས་ལ་ལྟ་བཞིན་པ།