《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月04日

ལྗོངས་ཡོངས་ཀྱི་རིག་དངོས་ཅུས་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་རིག་དངོས་ཅུས་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་2023ལོའི་རིག་དངོས་ལས་དོན་ལ་ཕྱོགས་སྡོམ་དང་2024ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིག་དངོས་ཀྱི་བདེ་འཇགས་སྲུང་རྒྱུ་མཐའ་ཚད་དུ་བཟུང་ནས་རིག་དངོས་བདེ་འཇགས་ཀྱི་ཕུགས་ཕན་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། རིག་དངོས་སྲུང་སྐྱོབ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་རིག་དངོས་ལས་དོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། “ས་མཐོའི་གནའ་རྫས་རྟོག་ཞིབ་ཆེན་པོ”གཞི་རྟེན་དུ་བྱས་ནས་གནའ་རྫས་རྟོག་ཞིབ་སྔོག་འདོན་ཞིབ་འཇུག་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། རིག་དངོས་བསྐྱར་དུ་སྤྱོད་པའི་དམིགས་ཚད་དུ་བཟུང་ནས་རིག་དངོས་ཐོན་ཁུངས་བརྗེ་སྒྱུར་བགྲོད་ལམ་རིམ་བཞིན་རྒྱ་སྐྱེད་གཏོང་དགོས། གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཞི་རྟེན་དུ་བྱས་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རིག་དངོས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་འདེགས་སྐྱོར་དུ་བྱས་ནས་རིག་དངོས་བྱ་གཞག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། འགན་འཁྲི་དོན་འཁྱོལ་དང་དཔུང་ཁག་འཛུགས་སྐྱོང་འགན་ལེན་དུ་བྱས་ཏེ་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས།