《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月03日

ཆབ་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས།

“འདམ་ར་དང་མིའི་རིགས་ཀྱི་བདེ་རྩ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས“འདམ་ར་དང་མིའི་རིགས་ཀྱི་བདེ་རྩ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱིས་འདམ་རར་ངོས་འཛིན་དང་ཤེས་རྟོགས་བྱེད་ཟབ་ཏུ་ཕྱིན་ནས་འདམ་རར་གཅེས་སྤྲས་བྱེད་པའི་དམིགས་ཡུལ་གྲུབ་སྟེ། མི་ཚང་མས་ཆབ་མདོའི་ལྗང་མདོག་འདམ་ར་སྲུང་སྐྱོང་དང་དེའི་ནང་ཞུགས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

སྤྱི་ཚོགས་ཡོངས་ཀྱིས་འདམ་ར་སྲུང་སྐྱོང་དང་གཅེས་སྤྲས་བྱེད་པའི་རྣམ་པ་བཟང་པོ་ཞིག་སྔར་བས་གཏོད་ཆེད། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་གཅིག་སྡུད་དྲིལ་བསྒྲགས་བྱེད་སྟངས་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཇ་རྟའི་ཐང་ཆེན་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་པ་དང་དྲིལ་བསྒྲགས་འགེལ་ཡིག་བཀལ་བ་མ་ཟད། མེ་སྐྱོན་དང་འབུ་སྐྱོན་སྔོན་འགོག་དང་ནགས་དཔོན་ལམ་ལུགས་སྐོར་གྱི་དྲིལ་བསྒྲགས་ལག་དེབ་དང་། མཚོན་བྱེད་དངོས་པོ་སོགས་དྲིལ་བསྒྲགས་དཔྱད་ཡིག་1000ལྷག་ཙམ་སྤྲད་དེ་མང་ཚོགས་ལ་འདམ་ར་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་འགྲེལ་བཤད་བརྒྱབ་པ་མ་ཟད། འདམ་ར་སྲུང་སྐྱོང་དང་འབྲེལ་བའི་དོཌ་གཞིར་ལན་ཡང་བཏབ་པས་དྲིལ་བསྒྲགས་ཀྱི་ཕན་ནུས་ཆེ་རུ་ཕྱིན་ནས་མང་ཚོགས་1200ལྷག་ཙམ་ལ་ཕན་པ་ཐོབ་ཡོད།