《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月03日

རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཚེ་ཆུ་ཤང་མངགས་གཏོང་ཁང་གིས།

བྱ་སྤྱོད་སྤེལ་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ།

འདི་ག་ཚགས་པར་ཁང་དུ་རྒྱ་ཚ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱ་ཚ་རྫོང་སྤྱི་བདེ་ཅུས་ཚེ་ཆུ་ཤང་མངགས་གཏོང་ཁང་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་། དྲ་མིག་ཅན་གྱི་དོ་དམ་པ། གྲོང་སྡོད་ལས་དོན་རུ་ཁག་སོགས་ཕྱོགས་ཁག་གི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བ་རེད།

བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་བཅར་འདྲི་དང་དུད་ཚང་དུ་བསྐྱོད་དེ་ཨར་པོའི་གླ་ཆ་འགྱངས་ཆད་དང་། གཉེན་སྒྲིག་དང་ཁྱིམ་ཚང་། ངལ་རྩོལ་དང་མ་རྩའི་གན་རྒྱ་སོགས་ལ་དམིགས་ནས་མང་ཚོགས་དང་། དུད་ཚང་གྲོང་ཚོ་རེ་རེ་བཞིན་འགལ་ཟླ་དང་རྩོད་གཞི་ཡོད་མེད་ཤེས་རྟོགས་བྱས་པ་རེད། གྲལ་བཤེར་བྱེད་རིང་། 《དམངས་དོན་ཁྲིམས་གཞུང་》དང་། གཉེན་སྒྲིག་བཅའ་ཁྲིམས། འགྲོ་ལམ་བདེ་འཇགས། གློག་འཕྲིན་ཁ་བསླུས་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད། གཞན་ཡང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལེགས་པར་སེལ་ཆེད། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་དང“ཆུང་གྲས་དགུའི”བྱེད་སྒོ་སྤེལ་ཡུལ་སོགས་གཙོ་གནད་ཁུལ་ཏུ་བདེ་འཇགས་ཀྱི་གྲལ་བཤེར་ཆེན་པོ་བྱས་ནས་ཤེས་རྟོགས་ཐུབ་པའི་གནད་དོན་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་རེད།

མི་དམངས་ཉེན་རྟོག་པས་དུད་ཚང་ཁག་ཏུ་བསྐྱོད་དེ་འདྲི་རྩད་ཞིབ་ཚགས་དང་ཟིན་ཐོ་བཀོད་པ་དང་། མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་དང་སེམས་རྩ་འཁོལ་པོས་མངགས་བཅོལ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་ཡོད། ཐེངས་འདིའི་བྱེད་སྒོའི་རིང་། མང་ཚོགས་ལ་བདེ་འཇགས་དང་དྲོ་སྐྱིད་སྦྱིན་པར་བརྟེན་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོས་སེམས་ཁུར་དང་གཅེས་སྐྱོང་དངོས་འབྲེལ་ཚོར་ཐུབ་པ་རེད།

(པ་སངས་ཀྱིས་སྒྱུར་ཞུས་བྱས)