འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དབང་གནོད་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ལ་རྡུང་རྡེག་གཏོང་བའི་ལྷ་ས་གྲོང་ཁྱེར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་མཉམ་དུ་2024ལོའི་ལྷ་ས་གྲོང་ཁྱེར་གྱི་དབང་གནོད་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ཡོངས་བསྒྲགས་ངང་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དབང་གནོད་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་མེད་པར་བཟོ་བའི་བྱེད་སྒོའི་གཞི་ཁྱོན་དང་མེད་པར་བཟོ་བའི་ཐོན་རྫས་ཀྱི་རིགས་དང་། གྲངས་འབོར། ཚོང་ཟོག་གི་རིན་ཐང་བཅས་ནི་ཉེ་བའི་ལོ་ཤས་རིང་ཆེ་ཤོས་ཡིན་ཞིང་། དེའི་ནང་བཟའ་བཅའ་དང་། སྨན་རྫས། ཨ་རག་རིགས། རྡོ་ཐ། གྱོན་གོས། ཐུམ་སྒྲིལ་དངོས་པོ། དཔེ་སྐྲུན་དངོས་པོ། རླངས་འཁོར་གྱི་ལྷུ་ལག སོལ་རླངས་ཐབ་ཆས། སྨན་བཅོས་ཡོ་བྱད། མེ་ཟོན་ཡོ་བྱད། ཞིང་ལས་སྐྱེ་དངོས་ས་བོན་སོགས་རིགས་10ལྷག་ཙམ་ཚུད་པ་དང་། ཁྱོན་བསྡོམས་ཏུན་63.5ཙམ་ཡོད་པར་རིན་ཐང་སྒོར་ཁྲི་416ཙམ་ཟིན་ཡོད་པ་རེད།
2023ལོར། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོ་དང་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་སར་དམིགས་ནས་བྱ་ཐབས་ནུས་ལྡན་སྤྱོད་པ་དང་། རྡུང་རྡེག་ཚ་ནན་གཏོང་བ། ཆད་པ་ནན་པོ་གཅོད་པ་བཅས་བྱས་ཤིང་། རིམ་རྩིས་བརྒྱབ་ན་ཁོངས་མིའི་ཚན་པ་ཁག་གིས་སྲིད་འཛིན་ཆད་གཅོད་གྱོད་དོན་ཁག་395བསྒྲུབས་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་132.12ཟིན་པ་དང་། ཆད་གཅོད་དང་གཞུང་བཞེས་བཏང་བའི་དངུལ་འབོར་ཁྱོན་བསྡོམས་སྒོར་ཁྲི་372.72ཟིན་ཡོད། དེའི་ནང་ཤེས་བྱའི་བདག་དབང་གི་ཉེས་དོན་གྱོད་དོན་ཁག་4བསྒྲུབས་ཏེ་མི་3འཛིན་བཟུང་བྱས་པ་དང་མི་1ལ་ཁྲིམས་ཆད་བཅད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་ཀྱི་བྱ་སྤྱོད་སྣ་ཚོགས་སྤེལ་ནས་དབང་གནོད་དང་རྫུན་བཟོའི་ཉེས་གསོག་བྱེད་སྤྱོད་སྔར་བས་བཀག་འགོག་བྱས་པ་དང་ཁྲོམ་རའི་ཁོར་ཡུག་བཟང་པོ་ཞིག་བཏོད་པས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)