ཝུའུ་ཡུན་ཁའེ་མྱུར་བགྲོད་གཞུང་ལམ་གྱི་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གྲྭའི་འཕེལ་རིམ་ལ་སྐུལ་འདེད་འོས་འཚམ་བཏང་བས་མིག་སྔའི་བར་སྤྱིའི་ལས་གྲྭའི་འཕེལ་རིམ་87%ལེགས་གྲུབ་ཟིན་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་འགག་གསུམ་མཛོད་ཁུལ་གྱི་ཡུན་དབྱང་དང་། ཁའེ་ཀྲོའུ། ཝུའུ་ཤིས་བཅས་ཆུས་དང་རྫོང་གསུམ་མཉམ་དུ་འབྲེལ་ནས་ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་གྱི་མི་ཁྲི་300ལྷག་ཙམ་གྱི་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་འགྲོ་རྒྱུ་ཡིན་པ་རེད། འདི་ནི་ཨར་སྐྲུན་པས་ཁྲུང་ཆིང་ཅུས་ནེང་ཀྲུང་ཧོན་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་ཝུའུ་ཡུན་ཁའེ་མྱུར་བགྲོད་གཞུང་ལམ་གྱི་A3དུམ་བུ་སྐྲུན་བཞིན་པ།