《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月03日

ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་ཀྱི་དཔལ་འབྱོར་ལ་རམ་འདེགས་བྱས་པ།

ཉེ་དུས་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ལིའུ་པུའུ་ཁྲོམ་གཞུང་གིས་ཧྲི་ཞ་གྲོང་ཚོའི་མུའུ་སྟོང་གི་ཤིང་འབྲས་ལྡུམ་རར་གྲོང་གསེབ་ཡུལ་སྐོར་འདུ་ཚོགས་འཚོགས་ནས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ད་ཕན་ལོ་ཤས་རིང་ལིའུ་པུའུ་ཁྲོམ་གཞུང་གིས་རི་ཆུའི་ཐོན་ཁུངས་ལ་བརྟེན་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་རྣམ་གྲངས་བཏོད་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཤིང་། འདི་ནི་རྐང་འཁོར་བཞོན་རྒྱུར་དགའ་མཁན་གྱི་ཡུལ་སྐོར་བ་ཧྲི་ཞ་གྲོང་ཚོའི་ནང་སྐྱོད་བཞིན་པ།