《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年04月03日

དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་གྲགས་པ་དབང་ལྡན།

འདི་ལོ་80ལ་སླེབས་པའི་བགྲེས་སོང་གྲགས་པ་དབང་ལྡན་གྱིས་ཏང་ལ་ཞུགས་ནས་ལོ་50སོང་བའི་གཟི་བརྗིད་ལྡན་པའི་དྲན་གསོའི་རྟགས་མ་སྟོན་བཞིན་པ།

འདི་ནི་གྲགས་པ་དབང་ལྡན་གྱིས་རང་ཁྱིམ་གྱི་ཐོག་ཁར་བུ་མོ་དང་མཉམ་དུ་བརྒྱབ་པའི་པར་ཡིན་པ།

གྲགས་པ་དབང་ལྡན་ནི་1944ལོར་སྐྱེས་པ་དང་ད་ཆ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་འཚོ་བ་སྐྱེལ་བཞིན་ཡོད།

ཞིང་བྲན་རྣམས་ཁྲལ་པ་དང་། དུད་ཆུང་། ནང་ཟན་བཅས་སུ་དབྱེ་ཡོད། གྲགས་པ་དབང་ལྡན་གྱི་ནང་མི་ཚང་མ་ཁྲལ་པ་ཡིན་པས་ལོ་ལྟར་དཔྱིད་འདེབས་སྐབས་གཞིས་ཀའི་བདག་པོའི་ས་ནས་སོན་གཡར་ཏེ་བཏབ་ཀྱང་སྟོན་བསྡུའི་སྐབས་སུ་འབྲུ་རིགས་མང་ཆེ་བ་གཞིས་ཀའི་བདག་པོས་འཕྲོག་ནས་ལྟོ་གོས་འཕྱིད་ཙམ་ལས་མེད།

ལོ་ལྟར་ངལ་རྩོལ་བྱས་ཀྱང་བུ་ལོན་ནི་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་གི་ཡོད།

སྤྱི་ཚོགས་རྙིང་པར་གྲགས་པ་དབང་ལྡན་གྱི་ནང་མི་དགུ་ཉིན་ལྟར་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད། རྩམ་ཐུག་ཕྲུ་གུའི་ལག་མཐིལ་གྱི་ཆེ་ཆུང་ཙམ་གྱི་ཕོར་པ་གང་ལས་འཐུང་རྒྱུ་མེད་པ་དེ་ཡང་ཧ་ཅང་སླ་བས་ངོ་གདོང་ཡང་གསལ་པོ་མཐོང་ཐུབ། “མེ་ལོང་མཐོང་མ་མྱོང་ན། ཨ་ཅག་གི་རྩམ་ཐུག་ལ་ལྟོས”ཞེས་པ་དེ་ས་གནས་དེ་གའི་རྒན་རྒོན་ཚོས་རྒྱུན་དུ་གཏོང་བའི་དམངས་གཞས་ཤིག་རེད། ཞིང་བྲན་ལ་ནོར་འཁྲུལ་ཏོག་ཙམ་བྱུང་ན་རྟ་ལྕག་གིས་ཉེས་རྡུང་གཏོང་བ་དང་ཉལ་ས་ནི་ཆར་རླུང་འགོག་མི་ཐུབ་པའི་ཁང་ཧྲུལ་ཡིན།

1959ལོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས།

ཞིང་བྲན་མང་པོ་ཞིག་དང་འདྲ་བར་གྲགས་པ་དབང་ལྡན་གྱི་ཁྱིམ་ལ་ས་ཞིང་དང་། ཕྱུགས་ཟོག སྡོད་ཁང་བཅས་རག “སྐབས་དེ་དུས་ང་ཚོ་དགའ་སྤྲོའི་ངང་ལས་ཀ་བྱེད་པར་འགྲོ་གི་ཡོད་ལ། ལས་ཀ་བྱེད་སྐབས་སྟོབས་ཤུགས་ཀྱང་ཟད་མཐའ་མེད་པ་ཞིག་འདུག”ཅེས་གྲགས་པ་དབང་ལྡན་གྱིས་བརྗོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་གི་འཚོ་བར་རེ་བ་གསར་པ་རྙེད།

གྲགས་པ་དབང་ལྡན་ཞིང་ལས་ལག་རྩལ་གསོ་སྦྱོང་ལ་ཞུགས་པ་དང་། 1997ལོར་གྲོ་དང་པད་ཁ་ཚོད་འདེབས་བྱས་པར་འབྲས་བཟང་སྨིན་ནས་ལྷ་ས་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས“སྔོན་ཐོན་ལས་དོན་པར”བདམས་པ་རེད།

ད་ཆ་འགྲེས་སོང་གྲགས་པ་དབང་ལྡན་ཡངས་ཤིང་རྒྱ་ཆེ་བའི་ཁང་པ་གསར་པའི་ནང་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད་པ་དང་། ཁོང་གི་ཕྲུ་གུ་གསུམ་པོར་ཡང་སློབ་གསོ་དེ་བས་ཡག་པ་ལོངས་སྤྱོད་ཐུབ་ནས་འཚར་ལོངས་བྱུང་ཡོད།