འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པ་དང་ལྗོངས་གླུ་གར་ཚོགས་པ་དང་། ལྷ་མོ་ཚོགས་པ། གཏམ་བརྗོད་ཟློས་གར་ཚོགས་པ་བཅས་ཀྱིས་གཉེར་འགན་འཁུར་བའི་2024ལོའི་སྐལ་བཟང་མེ་ཏོག་འཁྲབ་སྟོན་དུས་ཚིགས་ཀྱི་རིག་རྩལ་བྱེད་སྒོ “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི“ས་མཐོའི་མི་དམངས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ལ་བསྟོད་པའི”རིག་རྩལ་འཁྲབ་སྟོན་བོད་ལྗོངས་ཟློས་གར་ཁང་ཆེན་དུ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོས་རང་ལྗོངས་ཀྱི་ཕུལ་བྱུང་ན་གཞོན་རིག་རྩལ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བྱས་པ་དང་གཞས་དང་ཞབས་བྲོ། སྙན་ངག་གྱེར་འདོན། ལྷ་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་མངོན་སྟངས་གཙོ་བོར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པར་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། གླུ་གཞས《ཡར་ལངས་ཞིང་བྲན་གྱིས་གླུ་ཞིག་ལེན》དང《བཀའ་དྲིན་རི་ལས་མཐོ》དང་། སྙན་ངག་གྱེར་འདོན《ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན》 ཞབས་བྲོ《ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ》སོགས་ཀྱི་ལེ་ཚན་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་བརྗིད་ཆེའི་ཕུགས་འདུན་གང་ལེགས་མཚོན་ཡོད།