ཉེ་ཆར། བོད་དམག་ཁུལ་ཁང་གི་འགན་སྲུང་རུ་ཆེན་ཞིག་གི་དཔོན་དམག་20ལྷག་ཙམ་གྱིས་གཟའ་མཇུག་དང་གུང་གསེང་གི་དུས་ཚོད་སྤྱད་དེ་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་དྲོ་སྐྱིད་སྦྱིན་པ་དང་གཅེས་སེམས་མཚོན་པའི་བྱེད་སྒོ་སྤེལ་ནས་ཕན་བདེ་ཁང་གི་བྱིས་པ་དང་མཉམ་དུ་གཟའ་མཇུག་སྐྱིད་པོ་ཞིག་བཏང་བ་རེད། ད་ཐེངས་ཀྱི་གཅེས་སེམས་མཚོན་པའི་བྱེད་སྒོར་ཕན་བདེ་ཁང་གི་ཕྲུ་གུ་ཚོས་མི་དམངས་བུ་ཕྲུག་དམག་གི་དྲོ་སྐྱིད་དང་གཅེས་སེམས་ཚོར་ཐུབ་པ་མ་ཟད། ད་དུང་རྒྱལ་སྲུང་སློབ་གསོའི་ཤེས་བྱ་ཁྱབ་གདལ་དང་ཕྲུ་གུ་ཚོའི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། དམག་དཔུང་ལ་དགའ་ཞེན་བཅས་ཀྱི་གཞོན་ནུ་ལོ་ཆུང་གི་བརྩེ་སེམས་སྔར་བས་ཟབ་ཏུ་ཕྱིན་ཞིང་། འདི་ནི་དཔོན་དམག་ཚོས་ཕྲུ་གུ་ཚོ་དང་མཉམ་དུ་སྤེལ་རེས་བྱས་ཏེ་ཁོང་ཚོའི་སེམས་ནང་གི་སྐད་ཆ་ཉན་བཞིན་པ།