འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། དངོས་འཐབ་སྦྱོང་བརྡར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་བཏང་ནས་རུ་མིས་ས་བཀྲ་དབྱེ་འབྱེད་དང་བེད་སྤྱོད་བྱེད་པའི་གཞི་རྩའི་ཐབས་ཤེས་སྔར་བས་ཁོང་དུ་ཆུད་པ་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་སྨན་གླིང་རུ་འབྲིང་གིས་དངོས་འཐབ་དང་འབྲེལ་ནས་ས་བཀྲ་དབྱེ་འབྱེད་དང་བེད་སྤྱོད་བྱེད་སྟངས་སྦྱོང་བརྡར་བྱས་པ་རེད།
ད་རེས་ཀྱི་ས་བཀྲ་དབྱེ་འབྱེད་དང་བེད་སྤྱོད་བྱེད་སྟངས་སྦྱོང་བརྡར་བྱས་པ་ལས་མེ་ཟོན་རོགས་སྐྱོབ་མི་སྣའི་རང་ངོས་ཀྱི་ས་བཀྲ་དབྱེ་འབྱེད་དང་བེད་སྤྱོད་བྱེད་པའི་འཇོན་ཐང་ཆེ་རུ་སོང་ནས་གཞི་རྩའི་སློབ་ཚན་ཁོང་དུ་ཡག་པོ་ཆུད་དེ་གོམ་སྟབས་རྗེས་མར་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལས་འགན་སྒྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།