འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། སློབ་མའི་དགུན་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། རྫ་ཡུལ་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས“ངའི་དཔེ་ཁང་། ངའི་ཕུགས་འདུན”ཞེས་པའི་ཞིང་ཁྱིམ་དཔེ་ཁང་གི་བྱིས་པའི་དཔེ་ཀློག་བྱེད་སྒོ་གཉེར་ནས་སློབ་མས་དཔེ་དེབ་ཀློག་པར་དགའ་པོ་བྱེད་པ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པོ་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་ཡོད།
ཤང་དང་གྲོང་རྡལ་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དཔེ་ཀློག་གི་བྱེད་སྒོ་སྤེལ་བ་དང་། གྲོང་ཚོ་ཁག་གིས་ཞིང་ཁྱིམ་དཔེ་ཁང་དེ་བྱང་ཚད་སློབ་གསོའི་རྟེན་གཞིར་བརྩིས་ནས་སློབ་གསོར་ཞབས་འདེགས་དང་སློབ་མར་ཞབས་འདེགས་ཞུས་ཡོད།
གོམ་སྟབས་རྗེས་མར། རྫ་ཡུལ་རྫོང་གིས་ཞིང་ཁྱིམ་དཔེ་ཁང་གི་རིག་གནས་ཀྱི་གཡུལ་སའི་ནུས་པ་མུ་མཐུད་བཏོན་ནས་དམངས་ཡོངས་ཀྱི་དཔེ་ཀློག་གི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་ཏེ། དཔེ་ཀློག་དེ་འཚོ་བར་མཉམ་འདྲེས་དང་མང་ཚོགས་ཁྲོད་དངོས་འབྲེལ་ཁྱབ་ཐུབ་པར་བྱས་ནས་དཔེ་ཁང་ཆུང་ངུ་ལས་ནུས་པ་ཆེན་པོ་བཏོན་ཏེ་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་རོགས་བྱེད་རྒྱུ་རེད། (བསྟན་བཟང་གིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)