འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ལྷོ་ཁའི་ཧྲེན་ལི་དུས་རབས་ཐང་ཆེན་གྱི་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ཚན་རིག་ཁྱབ་གདལ་སློབ་གསོ་དང་། ཕ་མ་བུ་ཕྲུག་དབར་གྱི་མཉམ་འགུལ། མེ་ཟོན་གྱི་རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི་མེ་ཟོན་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་དངོས་སུ་བསྐྲུན་ནས་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་མཚོན་ཡོད། མེ་ཟོན་དྲིལ་བསྒྲགས་ཀྱི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་སྟེ་མེ་ཟོན་དྲིལ་བསྒྲགས་ཀྱི་འཐབ་ས་གསར་པ་གཏོད་ཆེད། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་དེ་གྲོང་ཁྱེར་འཕེལ་རྒྱས་དང་འཛུགས་སྐྲུན་ཁྲོད་མཉམ་འདྲེས་ཡོང་བ་དང་། གནས་ཀྱིས་ཁྱོན་ཡོངས་ཁྲིད་པའི་སྒོ་ནས་གྲོང་ཁྱེར་ཡོངས་ཀྱི་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་མེ་ཟོན་གྱི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་གོ་རིམ་ལྡན་པའི་ངང་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བརྗོད་དོན་གཙོ་བོའི་ཁྲོམ་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དུས་འགོར། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ་བསམ་འཆར་ཐེངས་མང་བསྡུས་ནས་བློ་བསྡུས་དགེ་འཚོལ་དང་། འཆར་གཞི་ཞིབ་ཚགས་བཀོད་ཐོག་ལྗོངས་ཕྱི་ནང་གི་འཛུགས་སྐྲུན་ཉམས་མྱོང་དཔྱད་གཞིར་ཧུར་ཐག་བཟུང་སྟེ། ལྷོ་ཁ་གྲོང་ཁྱེར་གྱི་དོན་དངོས་དང་འཚམ་པའི་འཛུགས་སྐྲུན་བྱ་ཐབས་དང་འཆར་གཞི་དང་ཇུས་གཞི་བཀོད་པ་མ་ཟད། གྲོན་ཆུང་གསར་གཏོད་དང་། ཡུལ་བབ་དང་བསྟུན་པའི་ལས་ཀའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་གྲོང་ཁུལ་གཙོ་བོའི་འགྲུལ་བཞུད་མང་བའི་ཧྲེན་ལི་དུས་རབས་ཐང་ཆེན་ཁྲོམ་གཞུང་དུ་ས་ཆ་བདམས་ཤིང་། མེ་ཟོན་སྲུང་དམག་གི་གཟུགས་བརྙན་དང་། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ། དེང་རབས་མེ་ཟོན་གྱི་རིག་གནས་བཅས་ཁྲོམ་གཞུང་གི་ཕྱོགས་གང་སར་བཀོད་སྒྲིག་བྱས་ནས་དམངས་ཚོགས་ཀྱིས་མེ་ཟོན་བདེ་འཇགས་ལ་དོ་ཁུར་བྱེད་ཚད་མཐོ་རུ་བཏང་ཡོད།