འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་རིང་། “འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་སྤེལ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས“ཆུའི་ཐོན་ཁུངས་སྤྱོད་མཁས་པོ་བྱས་ནས་ཆུའི་ཐོན་ཁུངས་ལ་དོ་དམ་ནན་པོ་དང་ཡག་པོ་བྱེད་པའི”དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཆུ་གྲོན་ཆུང་མཉམ་འབྲེལ་ཚོགས་འདུའི་ཁོངས་མིའི་ཚན་པ་གཙོ་བོ་11དང་མཉམ་དུ“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་གཟའ་འཁོར”གྱི་དྲིལ་བསྒྲགས་བྱེད་སྒོ་ཆེ་གྲས་གཅིག་སྡུད་ཐོག་སྤེལ་ནས། དྲིལ་བསྒྲགས་དཔྱད་ཡིག་10000སྤྲད་པ་དང་། སྦྱར་ཡིག་15བཀལ་བ། དྲིལ་བསྒྲགས་ལག་རྟགས་3065སྤྲད་པ་རེད། ཆུ་གསུམ་རྫོང་ཆུ་བེད་ཅུས་ཀྱིས་ཆུ་མདོ་རྒྱང་སློབ་ཆུང་དུ་ཆུ་གྲོན་ཆུང་གི་ཤེས་བྱའི་ཚན་རིག་ཁྱབ་གདལ་དང་དྲི་བ་དྲིས་ལན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས“ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་བྱེད་རྒྱུ་དེ་ཕྲུ་གུའི་དུས་ནས་དམ་འཛིན་བྱེད་པ”དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། གོང་དཀར་རྫོང་ཆུ་བེད་ཅུས་ཀྱིས་ལྕེ་བདེ་ཞོལ་ཆ་ཚང་སློབ་ཆུང་དུ་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུ་གྲོན་ཆུང་། ཆུ་དཔོན་དང་མཚོ་དཔོན་བཅས་ཀྱི་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ་ཞིང་། རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཆུ་གྲོན་ཆུང་དང་ཆུ་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད་པ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)