《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་ལྷོ་ཕྱོགས་ཐང་ཆེན་གྱི་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་གཏོང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པ་བོད་ལྗོངས་གསར་བརྗེ་འཛུགས་སྐྲུན་སྒྱུར་བཅོས་དྲན་གསོ་ཁང་གི་ལྷོ་ཕྱོགས་ཐང་ཆེན་དང་ས་འོག་རླངས་འཁོར་འཇོག་སའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་འབྱོར་སྐབས། ཨར་ལས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་། ཨར་སྐྲུན་བཟོ་པའི་ལས་བྲེལ་གྱི་རྣམ་པ་སོགས་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་བཞིན་ཡོད། མིག་སྔར་རྣམ་གྲངས་དེའི་རྣམ་གྲངས་པུའི་གནས་ཡུལ་དང་། བཟོ་པའི་འཚོ་སྡོད་ཁུལ་གྱི་སྟབས་བདེའི་ཁང་པ། གནས་སྐབས་སྒྲིག་བཀོད་བཅས་བསྐྲུན་ཟིན་ཞིང་། རྩིག་རྨང་དྲུས་པའི་ས་དབོར་འདྲེན་དང་། རགས་སྐྱོར་སྐོར་བ། ཆུ་འཐེན་པ་སོགས་ཀྱི་ལས་ཀ་འགོ་ཚུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་16914.94ཡོད་པའི་ནང་ས་འོག་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་14973.66དང་ས་སྟེང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1941.28ཟིན་ཞིང་། ཁྱོན་རླངས་འཁོར་འཇོག་ས་392ཇུས་འགོད་བྱས་པའི་ནང་ས་འོག་གི་རླངས་འཁོར་འཇོག་ས་332དང་། གློག་གསོག་གློག་སྡོང་བཙུགས་པའི་རླངས་འཁོར་འཇོག་ས་40 ས་སྟེང་གི་འགྲུལ་སྐྱེལ་རླངས་འཁོར་འཇོག་ས་20བཅས་ཡོད་པ་རེད།