འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མངའ་རིས་ས་ཁུལ་ཆུ་བེད་ཅུས་ཀྱིས“ཆུ་གྲོན་ཆུང་གི་ཀྲུང་གོའི་བྱ་སྤྱོད·མངའ་རིས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་ཤོག་བྱང་དང་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་ལག་རྟགས་སྤྲད་པ་དང་། རིགས་གཅིག་མཁས་ཅན་གདན་དྲངས་ནས་ཆུ་གཅེས་འཛིན་དང་། ཆུ་སྲུང་སྐྱོང་། ཆུ་གྲོན་ཆུང་གི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཆུ་གྲོན་ཆུང་གི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།
དེ་དང་དུས་མཚུངས་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། དྲ་རྒྱ། LEDབརྙན་ཤེལ་སོགས་གང་ལེགས་སྤྱད་དེ་ཆུ་གྲོན་ཆུང་གི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་ཚོགས་ལས་རིགས་ཁག་དང་སྤྱི་དམངས་ཀྱིས་ཆུ་གྲོན་ཆུང་དང་ཆུ་སྲུང་སྐྱོང་གི་བྱེད་སྒོའི་ནང་ཞུགས་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།