《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གཞུང་དོན་ཁང་གི་སྒྲིག་འཛུགས་འོག ཉིང་ཁྲི་གྲོང་ཁྱེར་གྱི་ཚན་པ་ཁག་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་ས་ཁོངས་སུ་ཁུག་ཆ་གཅིག་ཀྱང་མ་ལུས་པར་གཙང་སེལ་བྱས་ནས་ཤེས་དཔལ་དང་། བདེ་ཐང་། ཁམས་གཙང་། འཕྲོད་བསྟེན་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཧུར་ཐག་བཏོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་བྱེད་སྒོར་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་སོགས་ཁྱོན་མི་གྲངས་15000ལྷག་ཙམ་ཞུགས་རྒྱུའི་སྐུལ་སློང་བྱས་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། རིག་རྡོར་གྱིས་ཞུས)