《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月26日

གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི“གདོང་མཆོང་དུང་བརྡ”བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་གི་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་གཞིས་རྩེའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་འཚོགས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱིས་2024ལོའི་རྣམ་གྲངས་འཛུགས་སྐྲུན་གྱི“གདོང་མཆོང་དུང་བརྡ”དངོས་སུ་བཏང་བ་རེད།

2024ལོར་གཞིས་རྩེ་གྲོང་ཁྱེར་གྱིས་རྣམ་གྲངས་1600ལག་ལེན་བསྟར་རྩིས་ཡོད་པར། ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་290ཡན་གཏོང་རྒྱུ་ཡིན་པ་དེ། ལོ་གོང་མའི་དུས་མཚུངས་ལས་20%ཡན་འཕར་བའི་ནང་གསར་སྐྲུན་རྣམ་གྲངས་1230ལ་མ་དངུལ་སྒོར་དུང་ཕྱུར་184གཏོང་རྩིས་ཡོད། རྣམ་གྲངས་ཀྱི་ཁོངས་སུ་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། སློབ་གསོ་སོགས་ལས་རིགས་ཁྱབ་ཁོངས་ཚུད་ཡོད་པ་རེད། དུས་ཚིགས་དང་པོར་ལས་འགོ་ཚུཊ་པ་དང་ལས་འགོ་བསྐྱར་ཚུཊ་ཀྱི་རྣམ་གྲངས་471ཡོད་པར།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

མ་དངུལ་སྒོར་དུང་ཕྱུར་43ཡན་གཏོང་རྩིས་ཡོད་པ་དེ། སྔོན་དཔག་བྱས་ན་ལོ་གོང་མའི་དུས་མཚུངས་ལས་30%ཡས་མས་འཕར་རྒྱུ་ཡིན་པའི་ནང་གསར་སྐྲུན་རྣམ་གྲངས་109ལ་མ་དངུལ་སྒོར་དུང་ཕྱུར་10གཏོང་རྩིས་ཡོད་པ་རེད།

གཞིས་རྩེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་བརྟན་བཀྲ་ཤིས་ཀྱིས། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཕྱོགས་བསྡུས་དོ་དམ་སྡེ་ཚན་ཡིན་པའི་ངོས་ནས་ང་ཚོས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱིས“ལྟེ་བའི་གྲོང་ཁྱེར་གཉིས”དང་རྒྱལ་སྤྱིའི་སྐམ་སའི་འགག་སྒོ་བསྐྲུན་རྒྱུའི་ངེས་གནས་ཁོང་དུ་ཏན་ཏིག་ཆུད་པ། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ནང་དོན་དང་ཁ་ཕྱོགས་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐབས་མཁས་འབད་སྒྲུབ་དང་དངོས་སྒྲུབ་ལག་བསྟར་བྱེད་རིང་འཕེལ་སྒྱུར་གྱི་འགན་འཁྲི་དང་འཕེལ་སྒྱུར་གྱི་བྱས་རྗེས་མངོན་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་བདེ་དབང་གིས་ཞུས)