《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月25日

ཡངས་པའི་ཞིང་ས་གཤིན་པོར་སོ་ནམ་ལས་ལ་བྲེལ།

མིག་སྔར། རྒྱལ་ཡོངས་ཀྱི་ལྷོ་ཕྱོགས་ནས་བྱང་ཕྱོགས་བར་རིམ་བཞིན་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་བཟང་ཤར་བ་དང་། ལྷོ་ཕྱོགས་ཀྱི་སྔ་སྨིན་འབྲས་ཀྱི་ལྗང་པ་གསོ་བའི་ཚ་རླབས་འཕྱུར་ནས་བཅུ་ཆ་བཞི་ཙམ་ལེགས་གྲུབ་ཟིན་ཡོད་པ་རེད། རྒྱལ་ཡོངས་ཀྱི་དགུན་གྲོ་སྔོ་ལོག་གི་རིགས་དང་པོ་དང་གཉིས་པའི་ལྗང་པའི་བསྡུར་གྲངས་89.3%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.1གིས་མཐོ་བ་ཡོད་པ་དང་ཉེ་བའི་ལོ་ལྔའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.6གིས་མཐོ་བ་ཡོད་པ་རེད། ཞིང་ལས་བཀོད་གཏོང་བྱེད་ཚུལ་ལྟར་ན། འདི་ལོའི་འབྲུ་རིགས་ཀྱི་འདོད་མཐུན་འདེབས་འཛུགས་རྒྱ་ཁྱོན་དང་དཔྱིད་འདེབས་འབྲུ་རིགས་ཀྱི་འདོད་མཐུན་རྒྱ་ཁྱོན་ཆ་སྙོམས་ལོ་གོང་མ་ལས་བརྟན་ཐོག་ཡར་འཕེལ་བྱུང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་དང་ལོ་ལྟར་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱེད་དགོས”པའི་ནན་བཤད་གནང་ཡོད། 2024ལོར་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་པ་དེ་ནི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཚང་མར་ནན་བཤད་བྱས་པའི་དམིགས་ཚད་ཅིག་རེད། འདི་ལོ་ནས་བཟུང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱ་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འབབ་མཐོར་གཏོང་གཉིས་ཀར་ཤུགས་སྣོན་བརྒྱབ་སྟེ་དཔྱིད་འདེབས་དཔྱིད་རྨོད་དང་ཞིང་ནང་གཡོག་བྱེད་ལ་ནུས་ཤུཊ་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིཊ་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་ཆེད་འགོ་ཡག་པོ་རྩོམ་བཞིན་ཡོད།

དཔྱིད་གྲབས་ལ་འགན་ལེན་ནུས་ལྡན་བྱེད་པ།

ཁྲའེ་ཅིང་ལི་ཡིས་པར་བླངས།

􀲔 འདི་ནི་ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་པོའོ་ཤང་རྫོང་ཧྲེ་ཀྲུང་གྲོང་ཚོར་གློག་ཤུགས་བདག་སྐྱོང་མི་སྣས་ལྕགས་སྒྲོམ་གྱི་སྟེང་དུ་གློག་སྐུད་ཁྲིད་ནས་དཔྱིད་འདེབས་ཐོན་སྐྱེད་ལ་གློག་ཤུགས་འགན་ལེན་བྱེད་བཞིན་པ།

􀲔འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཤན་ལུང་གྲོང་རྡལ་ཧྲོང་ཤིང་གྲོང་ཚོའི་རིག་ནུས་ལྗང་གསོ་རྟེན་གཞིར་ཆུ་ལུད་གཞི་གཅིག་ཅན་གྱི་མ་ལག་གི་གཡོག་བྱེད་ཞིབ་ཚགས་འོག་ལྗང་པ་སྐྱེ་འཚར་བཟང་པོ་ཡོད་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་ཝེ་ཡིས་པར་བླངས།

􀲔 འདི་ནི་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཅ་ལུད་ཡན་ལག་ཀུང་སིའི་ལས་སྣོན་འཁོར་ཁང་དུ་བཟོ་པས་ཅ་ལུད་ཐོན་སྐྱེད་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕན་པིན་པིན་གྱིས་པར་བླངས།

􀲔འདི་ནི་ཧེ་ལུང་ཅང་པེ་ཏཱ་ཧོང་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་མཛའ་གྲོགས་ཡན་ལག་ཀུང་སིའི་རིག་ནུས་ཞིང་རའི་ལྗང་གསོ་དྲོད་ཁང་ཆེ་མོར་བཟོ་པས་ཆུ་འབྲས་ཀྱི་ལྗང་པ་འདེབས་གསོ་མ་བྱས་གོང་ས་ཁོད་སྙོམ་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་སུང་གིས་པར་བླངས།

ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ནང་གཡོག་བྱེད་བྱེད་པ།

􀲓 འདི་ནི་ཅང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་དུ་སོ་ནམ་པ་དང་ཞིང་པའི་མཉམ་ལས་ཁང་གིས་སོ་ནམ་དུས་ཚོད་དམ་འཛིན་གྱིས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུར་བརྟེན་ནས་ཞིང་སྨན་གཏོར་བཞིན་པ།

ཀྲོའུ་ལེང་གིས་པར་བླངས།

􀲓 འདི་ནི་ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་ཕིང་ཡོན་དཔེ་སྟོན་ཁུལ་ཧྲེ་ཀྲའེ་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲིའི་ལྟེ་བའི་ཁུལ་དུ་ཆུ་འདྲེན་ཡོ་བྱད་སྤྱད་ནས་ས་ཞིང་ལ་ཆུ་གཏོར་བཞིན་པ།

ཀྲའོ་ཡུན་གྱིས་པར་བླངས།

􀲔འདི་ནི་ཨན་ཧུའེ་ཞིང་ཆེན་པོའོ་ཀྲོའུ་གྲོང་ཁྱེར་ཆའོ་ཁྲེང་ཆུས་ཧྲོང་ཀའུ་གྲོང་རྡལ་སན་ཀོན་གྲོང་ཚོའི་ཧྥང་ཤང་ཁྱིམ་ཚང་ཞིང་རར་སོ་ནམ་པས་ཞིང་འཕྲུལ་བཏང་ནས་རྩྭ་ངན་འཐུ་བཞིན་པ།

ལིའུ་ཆིན་ལི་ཡིས་པར་བླངས།

སོ་ནམ་དུས་ཚོད་དམ་འཛིན་གྱིས་དཔྱིད་འདེབས་ལས་ལ་བྲེལ།

􀲔 ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་སུང་ཐའོ་མེའོ་རིགས་རང་སྐྱོང་རྫོང་མོང་ཤིས་གྲོང་རྡལ་ཀྲའེ་དབྱང་གྲོང་ཚོར་སོ་ནམ་པས་ཞོག་མངར་འདེབས་བཞིན་པ།

ཤེ་ཧུའེ་ཧྥང་གིས་པར་བླངས།

ཧྥང་ཏེ་ཧྭ་ཡིས་པར་བླངས།

􀲔 འདི་ནི་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་ཐན་ཁྲེང་རྫོང་མཱ་ཐུའོ་གྲོང་རྡལ་ཤུས་ཤིས་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་སོ་ནམ་པས་སོན་འདེབས་འཕྲུལ་འཁོར་བཏང་ནས“མངགས་ཐོའི་ཞོག་ཁོག”འདེབས་བཞིན་པ།

ཚའོ་ཀྲེང་ཕིང་གིས་པར་བླངས།

􀲔 འདི་ནི་ཧུའུ་ནན་ཞིང་ཆེན་ཧོང་དབྱང་གྲོང་ཁྱེར་ཧོང་ཏུང་རྫོང་པའེ་ལན་གྲོང་རྡལ་དུ་ཡུལ་དེ་གའི་སོ་ནམ་པས་ཞིང་འཕྲུལ་བཏང་ནས་འབྲས་ཞིང་ལ་རྨོད་སློག་རྒྱག་བཞིན་པ།

􀲔འདི་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་རྡལ་ལིང་ཁྲོན་རྫོང་ཧའེ་དབྱང་ཤང་ཁམ་བུ་འདེབས་འཛུགས་རྟེན་གཞིར་གྲོང་མིས་ཁམ་སྡོང་ལ་ལུད་རྒྱག་བཞིན་པ།

ཧོང་ཡུང་ཏན་གྱིས་པར་བླངས།