《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月25日

བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ།

ལྷ་སས་དཔེ་ཀློག་མཉམ་སྤྱོད་སྤེལ་རེས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཨུད་རྩ་འཛུགས་པུའུ་དང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས(ལྷ་ས་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)མཉམ་དུ་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི“གཙོ་འཛིན་གྱི་ཉམས་འགྱུར་མྱོང་ཚོར་གྱིས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱེད”ཅེས་པའི་མུ་འབྲེལ་བྱེད་སྒོའི“རླབས་ཆེན་གྱི་མཆོང་སྐྱོད། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི”སྐོར་ལྷུག་པོར་གླེང་བའི་དཔེ་ཀློག་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ་རེད།

བྱེད་སྒོའི་བཅར་གླེང་ལྷུ་ཚིགས་སུ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། གྲོང་མིའི་འཐུས་མི། ཞིང་པའི་འཐུས་མི། སློབ་མའི་འཐུས་མི་བཅས་ཀྱིས《དཔའ་བོའི་ཁྱིམ་ཚང་གི་ཁྱིམ་སྲོལ་བཟང་པོ》དང《ཁེ་གསུམ་གྲོང་ཚོའི་ལོ་60》སོགས་ཀྱི་དཔེ་དེབ་ལ་དམིགས་ནས་རང་རང་སོ་སོའི་དཔེ་དེབ་བཀླགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད། རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65ཡི་རིང་ལྷ་སའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གླེང་བ་རེད།