ཉེ་ཆར་ཐེན་ཅིན་མི་བཟོས་གཙང་པོའི་ཁམ་བུའི་མེ་ཏོག་རིག་གནས་ཚོང་དོན་ཡུལ་སྐོར་དུས་ཆེན་སྐབས་33པའི་འགོ་ཚུགས་མཛད་སྒོ་ཧུང་ཆའོ་ཆུས་སུ་འཚོགས་པ་རེད། ཐེན་ཅིན་ཧུང་ཆའོ་པེ་ཡུན་གཙང་འགྲམ་དུ་ཁམ་བུའི་མེ་ཏོག་ཁྲ་ཆིལ་ཆིལ་དུ་བཞད་ནས་ཡོད་ལ་ཡུལ་སྐོར་བ་ཡང་མང་པོ་ཡོད་ཅིང་། འདི་ནི་གནའ་བོའི་གྱོན་ཆས་གྱོན་པའི་འཁྲབ་སྟོན་པས་ཁམ་བུའི་མེ་ཏོག་ལ་ལྟ་བཞིན་པ།