《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月24日

2024ལོའི་སྲིད་གཞུང་གི་ལས་དོན་ སྙན་སྒྲོན་གྱི་སྙིང་བཏུས།

★2024ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན།

(གཅིག) དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་འཕེལ་རྒྱས་གཏོང་དགོས།

ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་དགོས།

གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

(གཉིས) ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་ཤུགས་ཆེར་གཏོང་དགོས།

སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས།

ཕྱོགས་མཐའ་ཀུན་ནས་ཤེས་ལྡན་པ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་དགོས།

(གསུམ) རྒྱལ་ནང་གི་དགོས་མཁོ་ཆེ་རུ་གང་ཐུབ་བཏང་སྟེ། དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

འཛད་སྤྱོད་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས།

སྤྱོད་གོ་ཆོད་པའི་མ་དངུལ་འཇོག་རྒྱ་ཆེ་རུ་ཧུར་ཐག་གཏོང་དགོས།

(བཞི) བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་ཟབ་གཏོང་གིས། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས།

གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས།

རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས།

(ལྔ།) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། གཉིས་ཕན་མཉམ་ལས་ཡོང་བར་སྐུལ་འདེད་གཏོང་དགོས།

ཕྱི་ཕྱོགས་ཉོ་ཚོང་གི་སྤུས་འབོར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

ཕྱི་དངུལ་འགུག་ཤུགས་ཆེ་རུ་གཏོང་དགོས།

སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།

ཕྱོགས་མང་ཕྱོགས་གཉིས་དང་ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ཟབ་ཏུ་གཏོང་དགོས།

(དྲུག) འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལྷག་པ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱེད་དགོས།

བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐག་གཅོད་བྱེད་དགོས།

ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

(བདུན) “ཞིང་གསུམ”ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་འབབ་བརྟན་པོའི་ངང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལྷོད་གཡེང་སྤུ་ཙམ་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།

(བརྒྱད) གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གྱི་བཀོད་པ་ལེགས་སུ་ཤུགས་ཆེན་གཏོང་དགོས།

གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དུ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།

(དགུ) སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

འབྱུང་འཕྲོད་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།

ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས།

(བཅུ) དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས།

ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་པོ་ཡོང་བ་དང་འབབ་འཕར་ལ་སྐུལ་འདེད་གཏོང་དགོས།

སྨན་བཅོས་འཕྲོད་བསྟེན་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། འགོས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་མུ་མཐུད་ཡག་པོ་བྱེད་དགོས།

སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས།

མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།

རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།