ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་ཏང་དང་རྒྱལ་ཁབ་ལ་མི་སྣ་སྐྱོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་བསྲུངས་ཏེ། མི་སེམས་གཅིག་ཏུ་སྒྲིལ་བ་དང་། མི་གཤིས་ལེགས་སུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ། ཤེས་ལྡན་པ་སྐྱེད་སྲིང་བྱེད་པ། མི་དམངས་ལ་ཕན་བདེ་བསྐྲུན་པ་བཅས་ཀྱི་ལས་དོན་གྱི་དམིགས་ཚད་གཞིར་བཟུང་དཔེ་ཁྲིད་མི་སྐྱོང་དང་རྩ་གསོ་བློ་སྦྱོང་གིས་བྱང་ཚད་ལྡན་པའི་སློབ་གསོ་འཕེལ་རྒྱས་བཏང་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད།