ཉེ་བའི་ལོ་ཤས་རིང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་བརྒྱུད། ཁ་གཏད་རོགས་སྐྱོར་ཚན་པ་ཁག་གིས་གཅིག་སྡུད་ཐོག་སྨན་བཅོས་ཤེས་ལྡན་པ་བོད་དུ་བཏང་སྟེ། ཕྱོགས་ཡོངས་ནས་རོགས་སྐྱོར་གྱིས་ས་གནས་འདི་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཤིང་། “ཚོགས་པས་ཚོགས་པ་འཁྲིད་པ”དང་། “རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་འཁྲིད་པ” “དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”བྱེད་སྟངས་ལ་བརྟེན་ནས་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་བ་དང་སྟོང་ཆ་མང་པོ་ཁ་གསབ་བྱས་ཡོད་པས། རང་ལྗོངས་ཀྱི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་ཇེ་ཆེར་ཕྱིན་པ་དང་ཚད་བརྒལ་གསར་པའང་བྱུང་ཡོད།