ད་ཕན་ལོ་ཤས་རིང་། ལྷུན་རྩེ་རྫོང་གིས“ཤ་ཚལ་སྒོང”གསུམ་གྱི་ལས་གྲྭར་དམ་འཛིན་ཡག་པོ་བྱེད་པ་དང་། “ཀུང་སི་དང་། རྟེན་གཞི། མང་ཚོགས”ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱོད་པ། གཅིག་སྡུད་ཡུག་སྦྲེལ་ཐོག་ཆེད་ལས་ཀྱི་སྔོ་ཚལ་དང་ཤིང་འབྲས་ཀྱི་ཐོན་ལས་གླིང་གཏོད་པ་བཅས་བྱས་ཏེ་སྔོ་ཚལ་དང་ཤིང་འབྲས་ཀྱི་ཐོན་ལས་གཉེར་སྐྱོང་དོ་དམ་དེ་བས་ཚན་རིག་དང་མཐུན་པ་དང་། ལུགས་དང་མཐུན་པ། ཕན་ནུས་ལྡན་པ་བཅས་ཡོང་བར་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཚ་རླབས་ནང་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་རེད།