《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月21日

དཔྱིད་དུས་སོ་ནམ་ལས་ལ་བྲེལ།

དཔྱིད་མཉམ་དུས་སུ་ས་གནས་མང་པོའི་ཞིང་པས་ཞིང་དུས་དམ་འཛིན་གྱིས་དཔྱིད་རྨོད་དང་ཞིང་ནང་གཡོག་བྱེད་སོགས་ཀྱི་ལས་ལ་གཞོལ་ནས་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

ཀན་སུའུ།

↑འདི་ནི་ཞིང་པས་ཞིང་འཕྲུལ་བཏང་སྟེ་ཀན་སུའུ་ཞིང་ཆེན་ཏིང་ཤིས་གྲོང་ཁྱེར་ཨན་ཏིང་ཆུས་ཤང་ཆོན་གྲོང་རྡལ་དུ་ས་ཞིང་ཁོད་སྙོམས་བཞིན་པ།

ཅང་སུའུ།

→ འདི་ནི་ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ཏ་ཀུང་གྲོང་རྡལ་ཝང་ཡོན་གྲོང་ཚོར་ཞིང་པས་འཕྲུལ་འཁོར་བཏང་ནས་ཞིང་ནང་དུ་ཞིང་སྨན་གཏོར་བཞིན་པ།

ཁྲུང་ཆིང་།

↑འདི་ནི་ཞིང་ལས་ལག་རྩལ་པས་ཁྲུང་ཆིང་གྲོང་ཁྱེར་ནན་ཁྲོན་ཆུས་ཏུང་ཁྲེང་ཁྲོམ་གཞུང་སན་ཤེའུ་སྡེ་ཁུལ་དུ་མི་མེད་གནམ་གྲུ་བཏང་ནས་ཞིང་སྨན་རྒྱག་བཞིན་པ།

ཧྲན་ཏུང་།

↑འདི་ནི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲུའེ་ཀུའོ་གྲོང་རྡལ་ཡེ་ཀང་པུའུ་གྲོང་ཚོར་ཞིང་པས་ཞིང་འཕྲུལ་བཏང་ནས་གྲོ་ཞིང་ལ་ལུད་རྒྱག་བཞིན་པ།

ཧུའུ་ནན།

← འདི་ནི་ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཏའོ་རྫོང་པེ་མ་ཏུའུ་གྲོང་རྡལ་ཀྲང་ཝུའུ་ཧྥང་གྲོང་ཚོར་ཞིང་པས་ཞིང་ཁ་རྨོ་བཞིན་པ།