འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། གཞུང་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་འགོག་ཟོན་དང་བསལ་ནས། ཁོངས་གཏོགས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་སྐྱེལ་འདྲེན་ཁེ་ལས་ཁག་ཏུ་གཞུང་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཞིབ་བཤེར་དང་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད།
ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་སྐྱེལ་འདྲེན་ཁེ་ལས་ཀྱི་འོས་ཐོབ་ལག་ཁྱེར་གྱི་ལོ་འཁོར་ཞིབ་བཤེར་གནས་ཚུལ་དང་དེ་བཞིན་འཁོར་རིགས་ཀྱི་GPSའགུལ་རྣམ་ལྟ་འདོམས་མ་ལག་ལ་གཙོ་གནད་ཐོག་ས་གནས་ས་ཐོག་ཏུ་འཐེན་བཤེར་བྱས་པ་དང་། རླངས་འཁོར་གྱི་མེ་གསོད་ཡོ་བྱད་དང་། བདེ་འཇགས་ཐོ་བ། འཁོར་ལོའི་བདེ་འཇགས་ནུས་པ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་དང་བདེ་འཇགས་དོ་དམ་མི་སྣ་དང་མཉམ་དུ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དུས་ཐོག་ཏུ་དབྱེ་ཞིབ་དང་སྤེལ་རེས་བྱས་པ་དང་། ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་། ལྟ་སྐུལ་དོ་དམ། བདེ་འཇགས་སློབ་གསོ། བདེ་འཇགས་སྔོན་འགོག་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་པ། འཁོར་རིགས་ཀྱི་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་བརྙན་ལམ་ནས་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ། སྐྱོན་ཤོར་བའི་རླངས་འཁོར་གཞུང་ལམ་དུ་བསྐྱོད་རྒྱུ་ནན་འགོག་བཅས་བྱས་ནས་འབྱུང་རྩ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མ་བྱུང་སྔོན་འགོག་འགོག་བྱས་པ་རེད།
དེ་དང་ཆབས་ཅིག མི་དམངས་ཉེན་རྟོག་པས་གཞུང་ལམ་འགྲིམ་འགྲུལ་གྱི་ཁྱད་ཆོས་ལ་དམིགས་ནས་ཁེ་ལས་ཀྱི་ལས་དོན་པར་རྒྱུན་གཏན་གྱི་འགྲིམ་འགྲུལ་བདེ་འཇགས་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་དང་། ཛ་དྲག་གི་ཐག་གཅོད་བྱ་ཐབས། འགོག་སྲུང་རང་བཞིན་གྱི་ཁ་ལོ་བའི་ལག་རྩལ། དགུན་དུས་གངས་འཁྱགས་ཀྱི་གནམ་གཤིས་ཞན་པའི་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་བཅས་འགྲེལ་བཤད་བརྒྱབ་པ་རེད།