《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月20日

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས།

ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི“སྲུང་སྐྱོང་བྱང་བུ”བཙུགས་པ།

འདི་ག་ཚགས་པར་ཁང་དུ་སྟག་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷོ་རི་བྱང་རིའི་སྔོ་འགྱུར་གྲུབ་འབྲས་ལ་སྔར་བས་སྲུང་སྐྱོང་བྱེད་པ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་གཏོང་ཆེད། སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ས་ཁོངས་སུ“སྲུང་སྐྱོང་བྱང་བུ”12བཙུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “སྲུང་སྐྱོང་བྱང་བུའི”ཐོག་པར་རིས་དང་ཡི་གེ་མཉམ་དུ་བཀོད་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་ནུས་ལ་བརྟེན་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ལུགས་ཁ་གསལ་བསྟན་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ཁུལ་དུ་ཕྱུགས་རིགས་འཚོ་བ་དང་། གད་སྙིགས་དབྱུག་པ། མེ་གཏོང་བ། ཤིང་གཅོད་པ་སོགས་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཐེར་འདོན་བྱེད་སྟངས་ཁྱབ་བསྒྲགས་བྱས་ནས། ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཏེ་མང་ཚོགས་ལ་སྔོ་ལྗང་མང་དུ་གཏོང་བ་དང་། སྔོ་ལྗང་ལ་དགའ་ཞེན་བྱེད་པ། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི་འདུ་ཤེས་འཛིན་ཤུགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་ཞིབ་དཔྱོད་ལྟ་སྐུལ་གྱི་འགན་ནུས་ཆེ་རུ་གཏོང་བའི་ཐད་མི་སེར་གྱི་ངེས་ཤེས་ཐུབ་ཚད་ཆེ་རུ་གཏོང་བ་དང་སྤྱི་ཕན་གཏུག་བཤེར་དང་ལྟ་སྐུལ་ལ་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་པ་རེད།