འདི་ནི“རྩྭ་ཐང་དཔའ་བོ”སྤུས་དག་གི་ཕྲུ་གུ་དོན་གྲུབ་བཀྲ་ཤིས(གཡས་ཀྱི་དང་པོ)ཀྱིས་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ལ་སྤུས་དག་གི་དཔའ་བོའི་བྱས་རྗེས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་ཀྱིས“སྤུས་དག་གི་བཞུགས་གནས”སུ་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
ལས་བྱེད་པ་རྒན་གྲས་ཀྱི་བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གིས་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་སྒྲིག་འཛུགས་བྱས་ཏེ“སྤུས་དག་གི་བཞུགས་གནས”སུ་བསྐྱོད་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།