རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་་སྲུང་སྐྱོང་ཉིན་མོའི་དུས་ཚོད་ནི་ལོ་ལྟར་གྱི་ཟླ་3ཚེས་15ཉིན་ཡིན་པ་དང་། རྒྱལ་སྤྱིའི་འཛད་སྤྱོད་པའི་མནའ་འབྲེལ་རྩ་འཛུགས་ཀྱིས་1983ལོར་གཏན་འཁེལ་བྱས་ཤིང་། དེའི་དམིགས་ཡུལ་ནི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་བཏང་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་འཛམ་གླིང་གི་ཁྱབ་ཁོངས་ནང་མཐོང་ཆེན་ཐུབ་པ་བྱས་ཏེ། རྒྱལ་ཁབ་དང་ས་ཁུལ་ཁག་གི་འཛད་སྤྱོད་པའི་རྩ་འཛུགས་དབར་གྱི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་མ་ཟད། རྒྱལ་སྤྱིའི་ཁྱབ་ཁོངས་སུ་འཛད་སྤྱོད་པའི་ཁེ་དབང་དེ་བས་སྲུང་སྐྱོང་ཡག་པོ་ཐུབ་ཆེད་རེད།
2024ལོའི་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོ་ནི“འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ”བྱ་རྒྱུ་དེ་རེད།