《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月20日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དམངས་གཉེར་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཀྱིས་དམངས་གཉེར་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་ཆེས་བྲིན་ཀུང་སི་དང་། ནུའོ་ཏི་ཁང་སྨན་ལས། ཨ་རག་གི་རྒྱལ་པོ། ཤིས་ཚང་བཟའ་བཏུང་བཅས་སུ་ཕེབས་ནས་ཁེ་ལས་གཉེར་སྐྱོང་དོ་དམ་དང་བདེ་འཇགས་ཐོན་སྐྱེད་བྱ་ཐབས་དང་དེ་བཞིན་འཕྲད་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་གནང་བ་དང་འབྲེལ། ཁེ་ལས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།