ཉིན་ཤས་བསྟུད་མར་ལྷོ་ཁ་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་དང་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་རྫོང་དང་ཆུས་ཁག་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ནས། ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ཏེ། ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་རགས་འཛུགས་སྐྲུན་ལ་ལྗང་མདོག་བསྣན་པ་རེད། འདི་ནི་ཟངས་རི་རྫོང་གི་ལས་བྱེད་ལས་བཟོས་ཡར་ཀླུང་གཙང་པོའི་ངོགས་སུ་ཤིང་འཛུགས་བཞིན་པ།