འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཅུས་དེར་མི་སྤྱི་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས“རྒྱལ་ཡོངས་ཁྲལ་དོན་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ལ་སྔ་རྗེས་སུ“རྒྱལ་ཡོངས་ཤེས་དཔལ་ཚན་པ”དང་། “རྒྱལ་ཡོངས་གཞོན་ནུ་ཤེས་དཔལ་ཅན” “རྒྱལ་ཡོངས་ལྔ་བཞི་དར་དམར་སྡེ་ཚོགས་ཀྲི་པུའུ” “རང་སྐྱོང་ལྗོངས་ཤེས་དཔལ་ཚན་པ” “རང་སྐྱོང་ལྗོངས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས” “བོད་རང་སྐྱོང་ལྗོངས་བུད་མེད་ཤེས་དཔལ་ལས་གནས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།