《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月18日

རྟེན་མཛོད་ཁང་གི་བསམ་བློ་ཆབ་སྲིད་སློབ་ཚན།

བོད་ལྗོངས་རྟེན་མཛོད་ཁང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་གསོའི་རྟེན་གཞིའི་ནུས་པ་བཏོན་ཏེ། “རྟེན་མཛོད་ཁང་དང་སློབ་གྲྭ་མཉམ་ལས”ཀྱི་ལམ་སྲོལ་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། ཉེ་ཆར། བོད་ལྗོངས་རྟེན་མཛོད་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་བཞི་པ་དང་མཉམ་དུ་གསར་བརྗེའི་ལོ་རྒྱུས་འགྲེམས་སྟོན་ལྟེ་གནས་ལ་ལྟ་སྐོར་བྱས་ནས། སློབ་མ་ཚོར་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་སྔོན་བྱོན་པའི་གཟི་བརྗིད་ལྡན་པའི་བྱས་རྗེས་ཤེས་རྟོགས་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་བརྒྱབ་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་བཞི་པའི་སློབ་མས་གསར་བརྗེའི་ལོ་རྒྱུས་འགྲེམས་ཁང་དུ་ལྟ་སྐོར་བྱེད་བཞིན་པ།