《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月17日

པར་རིས་གསར་འགྱུར།

ཉེ་ཆར། འབྲུ་རིགས་ཐོན་ཁུལ་ཞིང་ཆེན་ཆེན་པོ་ཧེ་ལུང་ཅང་དཔྱིད་རྨོད་ཐོན་སྐྱེད་བྱེད་ཉེར་ཡོད་པའི་སྐབས་སུ་ཀྲུང་གོ་ལྕགས་ལམ་ཧའར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་རྫས་ལུད་སྐྱེལ་འདྲེན་ས་ཚིགས་གཙོ་བོས་ས་གནས་དེ་གའི་རྫས་ལུད་ཕྱིར་འཚོང་ཁེ་ལས་དང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་དཔྱིད་རྨོད་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་ཤར་གཏོང་ཐུབ་པར་བྱས་ཏེ་དཔྱིད་རྨོད་གྲ་སྒྲིག་ལ་རམ་འདེགས་བྱས་པ་རེད།

འདི་ནི་ཀྲུང་གོ་ལྕགས་ལམ་ཧའར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཏ་ཆིང་རླངས་འཁོར་ལས་ཚུགས་དུམ་བུའི་ཀྲའོ་ཏུང་ས་ཚིགས་སུ་ལས་མིས་རྫས་ལུད་འདོན་འཇུག་བྱེད་བཞིན་པ།