《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月16日

བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ།

ལྷ་སའི་ལྷོ་བྱང་སྐོར་ལམ་ཕྱོགས་ཡོངས་ནས་འབྲེལ་མཐུད་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ཤིང་། རྣམ་གྲངས་དེའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་17ཡོད་པའི་ནང་ཟམ་པ་12དང་། ཕུག་ལམ་3 ས་འོག་ཕུག་ལམ་1བཅས་ཡོད་པ་རེད། ལམ་ཐིག་དེ་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་སྐོར་ལམ་ཕྱོགས་ཡོངས་ནས་འབྲེལ་མཐུད་ཐུབ་ནས་རྒྱལ་ལམ་109ཡི་གྲོང་ཁྱེར་དུ་སྐྱོད་པའི་ལམ་དུམ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཤུགས་ཆེན་ཕྱིན་ཏེ་གྲོང་མི་མང་ཚོགས་མགྱོགས་མྱུར་གྲོང་ཁྱེར་ནས་ཕྱིར་སྐྱོད་པའི་དགོས་མཁོ་བསྐང་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་33.16བཏང་བ་དང་ལས་ཡུན་ལོ་3ཡིན་པ་རེད། འགོ་འཛུགས་ས་སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། པེ་ཅིང་ནུབ་ལམ་དང་མཐུད་དེ་མཐར་རྒྱལ་ལམ་109དང་སྟོད་ལུང་ལམ་ཆེན་དང་ཞང་ཞུང་ལམ་ཆེན་གྱི་འབྲེལ་མཚམས་སུ་གནས་པ། ལམ་ཐིག་དེ་ཕྱོགས་གཉིས་ནས་རླངས་འཁོར་བཞི་སྐྱོད་ཆོག་པའི་འཁོར་ལམ་ཡིན་པ། ཇུས་འགོད་བྱས་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60ཡིན་པ་བཅས་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)