འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “མཁའ་ལམ་སྐལ་བཟང་མེ་ཏོག བོད་སྐྱོད་ཕུགས་འདུན་མངོན་འགྱུར”གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཟི་ལིང་བབས་ཚུགས་ནས་དལ་པོར་ཐོན་ཏེ་སྤྱི་ལེ་1956བསྐྱོད་ནས་ཉི་འོད་གྲོང་ཁྱེར་ལྷ་སར་འབྱོར་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་660ཡིས་དུས་ཡུན་ཉིན་9ཡི་ཡིད་དབང་འཕྲོག་པའི་བོད་ལྗོངས་སུ་ཡུལ་སྐོར་བྱེད་འགོ་བཙུགས་པ་རེད། དེ་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་འདི་ལོ་བཏང་བའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐོག་མ་དེ་རེད།
མིག་སྔར་བོད་དུ“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་པ་དང་གནམ་གཤིས་དྲོ་རུ་ཕྱིན་ཡོད་པས་དུས་ཚོད་དེར་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་བཏང་ན་ཡུལ་སྐོར་བའི་འགྲོ་སོང་ནུས་ལྡན་ངང་དམའ་རུ་འགྲོ་ཐུབ།
ད་ཐེངས་ཀྱི་ཆེད་སྤྱོད་མེ་འཁོར་གྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཆེད། ཀུང་སི་དེས་ལས་དོན་གྱི་ཆེད་དོན་ཚོགས་ཆུང་བཙུགས་ནས་མེ་འཁོར་དེར་སྨན་པ་དང་ཡུལ་སྐོར་སྣེ་ཤན་པ་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ནས་ལམ་ཐིག་བཀོད་སྒྲིག་དང་། ཡུལ་སྐོར་བར་སྣེ་ལེན། ཡུལ་སྐོར་ཞབས་ཞུ། སྐྱེལ་འདྲེན་དང་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་འགྲུལ་པ་ཚོས་ཚད་བཀག་གི་དུས་ཚོད་ནང་ཕོ་བྲང་པོ་ཏ་ལ་དང་། རི་བོ་གནམ་ལྕགས་འབར་བ། ཡར་འབྲོག་གཡུ་མཚོ་སོགས་བོད་ཀྱི་ལྟེ་བའི་མཛེས་ལྗོངས་ཁུལ་ཁག་20ལྷག་ཙམ་ལ་ལྟ་སྐོར་གང་ལེགས་ཐུབ་རྒྱུ་མ་ཟད། ད་དུང་མཚོ་སྔོན་དུ་ངལ་གསོ་རྒྱག་རིང་མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་སོགས་ཡུལ་ལྗོངས་གྲགས་ཅན་དུའང་འགྲོ་ཆོག་པས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་འཕགས་ཀྱི་ཡུལ་ལྗོངས་དང་། མི་ཆོས་རིག་གནས། དམངས་སྲོལ་བཅས་ཀྱི་མཛེས་ཉམས་མྱོང་རོལ་ཐུབ་ཀྱི་ཡོད་པ་རེད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)