ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་2023ལོའི་ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་འབྲས་མངོན་པ་སྟེ།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་བ།
དཔལ་འབྱོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པ།
སྙན་སྒྲོན་ནང་མངོན་པར་གཞིགས་ན། 2023ལོར། རང་རྒྱལ་གྱི་དཔལ་འབྱོར་སྤྱིར་ན་བསྐྱར་འཕར་ལེགས་འཕེལ་བྱུང་བ།
རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་126ལྷག་ཙམ་ཟིན་ནས་5.2%འཕར་སྟེ་འཕར་ཚད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཁག་གི་མདུན་གྲལ་དུ་སླེབས་ཡོད།
གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1244གསར་དུ་ལས་ཞུགས་ཐུབ་ནས།
ལས་ཞུགས་དུས་བབ་སྤྱིར་ན་རྒྱུན་མཐུད་བརྟན་པོ་ཡོད་པ།
སྙན་སྒྲོན་ནང་མངོན་པར་གཞིགས་ན། 2023ལོར། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1244གསར་དུ་ལས་ཞུགས་ཐུབ་པ།
གྲོང་ཁྱེར་དང་གྲོང་རྡལ་གྱི་ཞིབ་བཤེར་ཐུབ་པའི་ལས་ཀ་ཤོར་ཚད་ཆ་སྙོམས་5.2%ཡིན་པ་དང་དབུལ་སྒྲོལ་མི་འབོར་གྱི་ངལ་ནུས་གཞི་ཁྱོན་ཁྲི་3300ལྷག་ཟིན་པ།
ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་ཕྱིར་ཚོང་བྱེད་འབོར་གྱིས་གོ་ལ་ཧྲིལ་པོའི་60%ཡན་བཟུང་བ།
གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ།
སྙན་སྒྲོན་ནང་མངོན་པར་གཞིགས་ན། 2023ལོར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་ཕྱིར་ཚོང་བྱེད་འབོར་གྱིས་གོ་ལ་ཧྲིལ་པོའི་60%ཡན་བཟུང་བ།
གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་པས་གྲངས་གཞི་ཁག་རེ་རེ་ལས་གྲུབ་འབྲས“གསར་པ”མངོན་པ།
ལག་རྩལ་གྱི་གན་རྒྱ་འཇོག་ཚད་28.6%འཕར་ནས།
གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ།
སྙན་སྒྲོན་ནང་གསུངས་དོན། འདས་ཟིན་པའི་ལོ་གཅིག་རིང་། རང་རྒྱལ་གྱི་རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་སྟེ། མཁའ་སྐྱོད་སྒུལ་བྱེད་འཕྲུལ་འཁོར་དང་། རླངས་འབར་སྒུལ་ཤུགས་འཕྲུལ་འཁོར། ཉིང་གློག་འཕྲུལ་ཚན་རབས་བཞི་པ་སོགས་རྩེར་སོན་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་ཐད་ཡར་རྒྱས་ཆེན་པོ་བྱུང་བ། མི་ཐབས་རིག་ནུས་དང་ཚད་རྡུལ་ལག་རྩལ་སོགས་ཁྱབ་ཁོངས་གསར་ཤོས་ཀྱི་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ། ལག་རྩལ་གྱི་གན་རྒྱ་འཇོག་ཚད་28.6%འཕར་བ།
འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.39ཟིན་ནས།
མི་དུང་ཕྱུར་14ལྷག་ཙམ་གྱི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོར་བཟུང་བ།
སྙན་སྒྲོན་ནང་མངོན་པར་གཞིགས་ན། 2023ལོར། རང་རྒྱལ་གྱི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.39ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
དཀའ་ངལ་སྣ་ཚོགས་བརྒྱུད་འབྲུ་རིགས་ཐོན་སྐྱེད་ཐད་ལོ་ཉི་ཤུ་བསྟུད་མར་ལོ་ལེགས་བྱུང་ཞིང་འབྲུ་རིགས་ཐོན་འབབ་ལོ་དགུ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པ།
རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་66.2%བར་འཕར་བ།
གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཁོངས་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་བྱུང་བ།
སྙན་སྒྲོན་ལྟར་ན། 2023ལོར་རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ།
གྲོང་ཁྱེར་གྱི་ཐེམ་ཐོར་འཇུག་པའི་ཆ་རྐྱེན་སྔར་བས་དམའ་རུ་བཏང་ནས་རྫོང་གྲོང་གི་ཕྱོཌ་བསྡུས་ཐེག་ནུས་ཆེ་རུ་བཏང་བས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་66.2%བར་འཕར་བ།
ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.1%འཕར་བ།
དམངས་འཚོ་འགན་ལེན་ཡག་པོ་བྱུང་བ།
སྙན་སྒྲོན་ནང་མངོན་པར་གཞིགས་ན། 2023ལོར་རང་རྒྱལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.1%འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཧེ་བག་རྒྱུན་མཐུད་ཆུང་དུ་ཕྱིན་པ།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བས་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་8.4%འཕར་བ།