རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་གསར་འགོད་པས་འགོ་ཁྲིད་ལས་བྱེད་པ་དང་ཡང་ན་ཏང་ཡོན་དཀྱུས་མ་སུ་ཞིག་ཡིན་རུང་ཚང་མའི་ལུས་ཐོག་ནས་དུས་ཚོད་ཀྱིས་མི་སྒུག་པའི་སྙིང་སྟོབས་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་བཅས་ཀྱི་ཆོད་སེམས་བཅས་མངོན་བཞིན་ཡོད་པ་མཐོང་བྱུང་།
སེམས་ལ་དད་མོས་ཡོད་གྱུར་ན། གོམ་སྟབས་དེ་བས་བརྟན་པོར་གྱུར། མི་ཚེའི་བགྲོད་ལམ་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་ལས། ཕྱི་ཚུལ་ཙམ་དོན་དུ་མི་གཉེར་བ་དང་རང་འགུལ་ངང་འགན་འཁྲི་འཁུར་བ་དང་། ཕྱི་ནང་སྦྲེལ་མཐུད་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་བཅས་ཚོང་དོན་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར་དཀའ་སྒྲུབ་དངོས་སྒྲུབ་བྱེད་བཞིན་མཆིས། འཕེལ་རྒྱས་ལ་དམ་འཛིན་དང་བྱ་གཞག་སྒྲུབ་པའི་སྙིང་སྟོབས་དེ་རིགས་ལས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱི་དྲང་ནུས་མངོན་ཡོད། དུས་རབས་གསར་པའི“རྒྱུགས་འབུལ་ལམ་བུར”ཁོང་ཚོས་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བར་གོམ་སྟབས་སྔར་བས་ཡག་པ་དང་། སྔར་བས་མགྱོགས་པ། སྔར་བས་བརྟན་པ་བཅས་ཀྱི་སྒོ་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ངེས་རེད།