ངག་དབང་ལུག་ནི་མཚོ་བོད་ས་མཐོའི་ཁྱད་ལྡན་ཕྱུགས་རིགས་ཀྱི་གྲས་ཤིག་ཡིན་ཞིང་། གཙོ་བོ་ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་དང་དེ་བཞིན་ཉེ་འཁོར་ས་ཁུལ་དུ་ཁྱབ་ཡོད། ཉེ་བའི་ལོ་ཤས་རིང་། འགོ་འཇོ་རྫོང་གིས་ངག་དབང་ལུག་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་སུ་བརྩིས་ནས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ཀུང་སི་དང་། གྲོང་ཚོའི་མཉམ་སྡེབ་མཉམ་ལས་ཁང་། ཞིང་འབྲོག་དུད་ཚང་བཅས་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་སྟངས་སྤྱད་དེ་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་པས་ཐོན་ལས་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་ཡོད།