《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年03月12日

རྫ་ཡུལ་རྫོང་གིས་དཔྱིད་རྨོད་དཔྱིད་གྲབས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ལོ་གསར་པ་ཤར་ཚུན། རྫ་ཡུལ་རྫོང་གིས་ཕྱོགས་ཡོངས་ནས་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་སྤེལ་འགོ་ཚུགས་ཤིང་། འཆར་གཞི་ལྟར་ན་འདི་ལོ་དཔྱིད་རྨོད་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་6ཡན་ཟིན་པ་བྱེད་རྒྱུ་རེད།

དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་ཡག་པོ་བྱ་ཆེད། རྫ་ཡུལ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་དཔྱིད་རྨོད་དཔྱིད་འདེབས་སྔ་ཙམ་བྱེད་པར་གཞི་ཚུགས་ཏེ། རྫོང་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་ད་ཡོད་གནས་ཚུལ་དང་ཞན་ཆ་ཟུང་འབྲེལ་བྱས་ནས། ཁ་གཏད་འཇལ་ཐབས་ཞིབ་འཇུག་དང་ལས་ཀའི་ཇུས་གཞི་བཟོས་ཏེ་སྔ་སྣུར་དུ་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།

རྫ་ཡུལ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ས་ཚིགས་ལ་ཆེད་མིས་འགན་འཁུར་རྒྱུ་བཀོད་སྒྲིག་བྱས་པ་དང་། ཤང་དང་གྲོང་རྡལ་གྱི“རྒྱུད་འདྲེས་གཉིས”(རྒྱུད་འདྲེས་ཆུ་འབྲས་དང་རྒྱུད་འདྲེས་ཨ་ཤོམ)ཀྱི་སོན་དང་། རྫས་ལུད། ཞིང་སྨན་བཅས་ཀྱི་དགོས་མཁོ་བསྡོམས་རྩིས་བརྒྱབ་སྟེ། འཕྲལ་མཁོའི“རྒྱུད་འདྲེས་གཉིས”ཀྱི་སོན་གཏོང་འདྲེན་གནས་འཁེལ་བྱས་ནས། དཔྱིད་རྨོད་ཐོན་སྐྱེད་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད། མིག་སྔའི་བར་རྫོང་ཡོངས་སུ“རྒྱུད་འདྲེས་གཉིས”ཀྱི་སོན་སྤྱི་རྒྱ་44067གཏོང་འདྲེན་བྱས་པས་སོན་གསོག་འཇོག་བྱེད་ཚད་འདང་ངེས་ཡོད་པ་རེད།

གོམ་སྟབས་རྗེས་མར། རྫ་ཡུལ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ས་ཚིགས་ཀྱི་ཆེད་ལས་ལག་རྩལ་པར་བརྟེན་ནས། ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་གྲོང་ཚོ་རིམ་པའི་ཚན་རྩལ་ཆེད་མངག་པ་ཞིང་ནང་དང་མུ་ཁར་སྐྱོད་པར་སྒྲིག་འཛུགས་བྱས་ནས། དུས་ཐོག་ཏུ་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་འགོག་བཅོས་དང་ཞིང་ནང་གཡོག་བྱེད་སོགས་ཀྱི་ལས་དོན་སྤེལ་ཏེ། ཞིང་འབྲོག་མང་ཚོགས་ལ་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་གྱི་ཞབས་འདེགས་ཞུ་རྒྱུ་རེད།

(བསོད་ནམས་དཔའ་མོས་བསྒྱུར། ཉི་དོན་གྱིས་ཞུས)